འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།རྒྱ་མཚོའི་རླུང་འཚུབ"ཧྥེ་གཡན"ཉི་ཧོང་དུ་བྱུང་ནས་མི་11རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་མཚོའི་རླུང་འཚུབ'ཧྥེ་གཡན'ཉི་ཧོང་དུ་བྱུང་ནས་མི་11རྐྱེན་ལམ་དུ་ཤོར་བ།
     མི་དམངས་དྲ་བའི་འཕྲིན། ཟླ9ཚེས་5ཉིན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་21པ"ཧྥེ་གཡན"ཉི་ཧོང་གི་སྐམ་སར་ཐོན་པ་དང་། ཚེས་5ཉིན་གྱི་དགོང་མོའི་བར་མི་11རྐྱེན་ལམ་དུ་ཤོར་ཞིང་། མི་600ལྷག་ལ་རྨས་སྐྱོན་ཕོག་ཡོད། གཞན་ཡང་ཏཱ་པེན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་སྤེལ་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། "ཧྥེ་གཡན"གྱི་ཤུགས་རྐྱེན་འོག ཀྲུང་གོའི་ཡུལ་སྐོར་བ་750ལྷག་ཚེས་4ཉིན་གྱི་དགོང་མོ་ཀོན་ཞི་རྒྱལ་སྤྱིའི་གནམ་ཐང་དུ་སྡོད་དགོས་བྱུང་བ་དང་། མིག་སྔར་མི་551བདེ་བླགས་ངང་གནས་སྤོས་ཐུབ་ཡོད་ཅིང་། སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཏུ་ཀྲུང་གོའི་སྤྱི་དམངས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།
༄༅།།རྒྱ་མཚོའི་རླུང་འཚུབ'ཧྥེ་གཡན'ཉི་ཧོང་དུ་བྱུང་ནས་མི་11རྐྱེན་ལམ་དུ་ཤོར་བ།