འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།པར་ཙིར་གྱི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ལ་མེ་ཤོར་རྗེས་གྱང་རོར་གྱུར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པར་ཙིར་གྱི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ལ་མེ་ཤོར་རྗེས་གྱང་རོར་གྱུར་བ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་གྱི་དགོང་མོར། ལི་གཡོད་རེ་ནེ་ལུའུ་ཡི་བྱང་ཁུལ་དུ་གནས་ཤིང་། དངོས་རྫས་ཁྲི་2000ལྷག་ཉར་ཚགས་བྱས་ཡོད་པའི་པར་ཙིར་གྱི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་དེ་ཚེས་3ཉིན་གྱི་ཐོ་རེངས་ཆུ་ཚོད་3པའི་གཡས་གཡོན་དུ་ཡོངས་སུ་ཚོད་འཛིན་ཐུབ་ཡོད་ཅིང་། དངོས་མང་བཤམས་སྟོན་ཁང་གི་དོ་དམ་པ་གཞོན་པ་ཁེ་ལི་སི་ཏི་ཨན་ན་སའེ་ལེ་རའོ་ཡིས། མྱུར་སྐྱོབ་ཐུབ་པའི་རིག་དངོས་དེ་སྤྱིའི་རིག་དངོས་གྲངས་འབོར་གྱི་10%ཙམ་ལས་མེད་ཅེས་བཤད། པར་ཙིར་གྱི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་བཤེར་ཁང་གིས་སྤེལ་བའི་སྤྱི་བསྒྲགས་ནང་།  རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་པས་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་གི་མེ་སྐྱོན་དང་རིག་དངོས་གྱོང་གུན་གྱི་རྒྱུ་རྐྱེན་དང་འགན་འཁྲིར་ཞིབ་བཤེར་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།
【1】  【2】
༄༅།།པར་ཙིར་གྱི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་ལ་མེ་ཤོར་རྗེས་གྱང་རོར་གྱུར་བ།