འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།ཁྲིམས་འཛིན་གཞི་གྲངས་ཆེན་མོ་ལས་ཉེ་བའི་ལོ་ངོ་གསུམ་རིང་ལ་སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞི་ལོ་རེ་བཞིན་
ཇེ་ཉུང་དུ་གྱུར་བ་མངོན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། ཀྲུང་གོའི་ཁྲིམས་འཛིན་གཞི་གྲངས་ཆེན་མོ་ཞིབ་འཇུག་གླིང་གིས་སྤེལ་བའི་ཆེད་སྒྲིག་སྙན་ཞུ་ལས། ཉེ་བའི་ལོ་ངོ་གསུམ་རིང་ལ་སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞི་ལོ་རེར་བཞིན་ཇེ་ཉུང་དུ་འགྱུར་བཞིན་པ་མངོན། 2015ལོའི་རྒྱལ་ཡོངས་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་སློབ་གྲྭའི་རྩུབ་སྤྱོད་ཁྱོན་བསྡོམས་1000ཞིབ་བཤེར་བྱས་པ་རེད། 2016ལོ་དང་2017ལོའི་གྱོད་གཞིའི་གྲངས་ཀ་ནི་ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོ་16.51%དང་13.37%ཆག་ཡོད།
     སྙན་ཞུ་ལས་མཚོན་དོན། 2015ལོ་ནས་2017ལོའི་བར། སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞི་57.5%ནི་བསམ་བཞིན་དུ་གཞན་ལ་རྨས་སྐྱོན་བཏང་བའི་གྱོད་གཞི་ཡིན་པ་དང་། སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞིའི་ནང་དུ། བསམ་བཞིན་དུ་གཞན་ལ་རྨས་སྐྱོན་བཏང་བ་དང་འཕྲོག་བཅོམ་གྱི་ནག་ཉེས་ཇེ་ཉུང་དུ་ཕྱིན། དཔུང་སྡེབ་རྩོད་འཛིང་གི་ནག་ཉེས་དང་བསྙད་འཚོལ་ཟིལ་སློང་བྱས་པའི་ནག་ཉེས་2017ལོར་ཅུང་འཕར་ཡོད་ཅིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞི་ལས་10.58%དང་14.08%འཕར་ཡོད།  སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞི་55.12%ནི་ཁ་རྩོད་སོགས་དོན་དག་ཙག་ཙིག་ལས་བྱུང་བ་རེད། གཞན་ཡང་། སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞིའི་གནོད་འཚེ་ཕོག་མཁན་88.74%ལ་རིམ་པ་མི་འདྲ་བའི་རྨས་སྐྱོན་ཕོག་པ་དང་ཚེ་སྲོག་ཤོར་ཡོད། དེའི་ཁྲོད་དུ་གྱོད་གཞི་11.59%ནང་གི་གནོད་འཚེ་ཕོག་མཁན་གྱི་ཚེ་སྲོག་ཤོར་བ་དང་། གྱོད་གཞི་31.87%གྱི་གནོད་འཚེ་ཕོག་མཁན་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། 
      2015ལོ་ནས་2017ལོའི་བར་དུ། རྒྱལ་ཡོངས་སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞིའི་ནང་དུ་གྱོད་པ་སྐྱེ་བོ་ལོ་ན་མ་སོན་པའི་ཟིན་ཚད་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་སྟེ། 2015ལོར་64.87%དང་། 2016ལོར་63.4% 2017ལོར་60.79%བཅས་ཟིན་ཡོད། འཕྲོག་བཅོམ་ནག་ཉེས་ཀྱི་སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞི་ལས་གྱོད་པ་བརྒྱ་ཆ་བརྒྱད་ཅུ་ནི་སྐྱེ་བོ་ལོ་ན་མ་སོན་པ་ཡིན་ཞིང་། བཙན་གཡེམ་གྱི་ནག་ཉེས་དང་བཙན་སྐུལ་དུ་སྨན་འཚོང་བྱེད་དུ་བཅུག་པའི་ནག་ཉེས་གྱི་སློབ་གྲྭའི་རྩུབ་སྤྱོད་ཀྱི་གྱོད་གཞིའི་ནང་དུ་ལོ་16ནས་18བར་གྱི་སྐྱེ་བོ་ལོ་ན་མ་སོན་པའི་ཟིན་ཚད་མང་ཤོས་ཡིན།