འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།ཨེ་ཅིབ་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཆེན་མོའི་ཉེ་འགྲམ་དུ་འབར་གས་ཀྱི་དོན་རྐྱེན་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨེ་ཅིབ་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཆེན་མོའི་ཉེ་འགྲམ་དུ་འབར་གས་ཀྱི་དོན་རྐྱེན་བྱུང་བ།
      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། ཨེ་ཅིབ་ཀྱི་རྒྱལ་ས་ཁ་རོ་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ཨེ་ཅིབ་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཆེན་མོའི་ཉེ་འགྲམ་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས། མི་ཤི་རྨས་བྱུང་མེད་ན་ཡང་གཞུང་ཚབ་ཁང་གི་ལས་ཀ་གནས་སྐབས་སུ་ལས་མཚམས་བཞག་ཡོད།
     མིག་སྔར། ཨེ་ཅིབ་ཉེན་རྟོགས་ཕྱོགས་ཀྱིས་ཡུལ་དེར་ཞིབ་བཤེར་བྱས་ཏེ་དཔང་རྟགས་ལེན་བཞིན་པས། གཞུང་ཚབ་ཁང་གི་ལས་ཀ་རྒྱུན་ལྡན་དུ་གྱུར་བ་རེད།
     ཉིན་དེར་དོན་རྐྱེན་བྱུང་རྗེས་སུ། ཨེ་ཅིབ་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་སྤྱི་ཚོགས་འབྲེལ་འདྲེས་དྲ་ཚིགས་ཐོག་གསལ་བརྡ་སྤེལ་བ་སྟེ། ཨ་རིའི་སྤྱི་དམངས་གཞུང་ཚབ་ཁང་ཆེན་མོ་རུ་མི་འགྲོ་བ་དང་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་འཆམ་འཆམ་མི་བྱེད་པའི་དྲན་སྐུལ་བྱས་ཡོད།