འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་6ཉིན།

༄༅།།བོད་སྐད་གློག་བརྙན་《ཁ་ལོ་བ》

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་སྐད་གློག་བརྙན་《ཁ་ལོ་བ》
     མི་དམངས་དྲ་བའི་འཕྲིན། བོད་སྐད་གློག་བརྙན་《ཁ་ལོ་བ》ནི་ལོ་རབས་དགུ་བཅུ་པའི་ཀྲུང་གོའི་བོད་ཁུལ་རྒྱབ་ལྗོངས་སུ་བྱས་ཤིང་། གྲོང་ཚོ་ཞིག་གི་ཁ་ལོ་བ་རིན་ཆེན་དང་ཁོང་གི་མི་ཚེ་ནང་ཐུག་པའི་བུད་མེད་ལྔ་ཡི་བར་གྱི་གཏམ་རྒྱུད་ཞིབ་བརྗོད་བྱས་པ་མ་ཟད། འཁྲབ་གཞུང་ལས་"ཉི་མ་ལྟ་བའི་སེམས་རྒྱུད་ཡོད་ན་བདེ་སྐྱིད་ཀྱི་འཚོ་བ་མི་འདྲ་བ་ཞིག་ཐོབ་པའི"བརྗོད་དོན་བརྒྱུད་བསྒྲགས་བྱས་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་འདི་ནི་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སོགས་སུ་བརྙན་ཕབ་བྱས་ཤིང་། གློག་བརྙན་འདི་ནི་ཕལ་ཆེར་2018ལོའི་ལོ་མཇུག་ཏུ་སྟོན་ཐུབ་རྒྱུ་རེད།
༄༅།།བོད་སྐད་གློག་བརྙན་《ཁ་ལོ་བ》