འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་5ཉིན།

༄༅།།བོད་ལྗོངས་གཞིས་རྩེ་ནས་ཧྲན་ཏུང་ཅི་ནན་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་གཞིས་རྩེའི་ཞི་བདེ་གནམ་ཐང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཞིས་རྩེ་ནས་ཅི་ནན་བར་གྱི་མཁའ་ལམ་ཉེ་ཆར་ཤར་གཏོང་ཐུབ་ཡོད། ཧྲན་ཏུང་ནི་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་དང་། མཁའ་ལམ་དེས་ཧྲན་ཏུང་ནས་བོད་ལྗོངས་ས་ཆ་གཉིས་དབར་གྱི་དུས་ཀྱི་བར་མཐོངས་ཐུང་དུ་བཏང་ནས་འབྲེལ་གཏུག་དང་འགྲོ་འོང་ལ་དེ་བས་སྟབས་བདེ་བསྐྲུན་རྒྱུ་རེད།
     གཞིས་རྩེ་ནས་ཅི་ནན་བར་གྱི་མཁའ་ལམ་དེ་ལམ་བར་ཤིས་ཨན་དུ་ཁ་འགོག་པ་དང་དུས་གཏན་གནམ་གྲུའི་ཨང་གྲངས་ནི་MU9901ཡིན་ཞིང་། གཟའ་འཁོར་རེའི་གཟའ་ཕུར་བུ་དང་གཟའ་ཉི་མར་འཕུར་སྐྱོད་ཐེངས་རེ་བྱེད་ཀྱི་ཡོད། དེ་ནི་གཞིས་རྩེ་ནས་ཁྲེང་ཏུའུ་བར་དང་། གཞིས་རྩེ་ནས་ཤིས་ཨན་དང་ཧྲང་ཧའེ་བར་གྱི་མཁའ་ལམ་གཉིས་ཤར་གཏོང་བྱས་རྗེས་ཀྱི་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེན་པོ་གཉིས་པ་གཞིས་རྩེ་གྲོང་ཁྱེར་གྱིས་ཤར་གཏོང་བྱས་པའི་མཁའ་ལམ་གསུམ་པ་དེ་ཡིན་ཞིང་། བོད་ལྗོངས་ས་ཁུལ་གྱི་མཁའ་ལམ་གྱི་དྲ་རྒྱ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གཞིས་རྩེའི་ཕྱི་ནང་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་རེད།