འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་5ཉིན།

༄༅།།ཀྲུང་གོའི་འཛུགས་སྐྲུན་པས་མོ་རོ་ཁོའི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་རམ་འདེགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་05ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། 2015ལོ་ནས་བཟུང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་གཤམ་འོག་གི་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སི་གསུམ་པས་ཝར་ཀྲ་ཀྲ་ཐེར་ནུའུ་ཨའོ་འོད་ཤུགས་དང་ཚ་ཤུགས་གློག་ཁང་གི་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པ་དང་གསུམ་པའི་ལས་གྲྭ་སྐྲུན་འགན་འཁུར་བ་རེད། ནུའུ་ཨའོ་འོད་ཤུགས་དང་ཚ་ཤུགས་གློག་ཁང་གི་རྣམ་གྲངས་ནི་མིག་སྔར་གོ་ལ་ཧྲིལ་པོའི་འོད་ཤུགས་དང་ཚ་ཤུགས་གློག་ཁང་གི་རྣམ་གྲངས་ཆེ་ཤོས་དེ་རེད། རྣམ་གྲངས་བསྐྲུན་རྗེས་ནུའུ་ཨའོ་འོད་ཤུགས་དང་ཚ་ཤུགས་གློག་ཁང་ནས་མོ་རོ་ཁོའི་ཁྱིམ་ཚང་ཁྲི་100ལྷག་ཙམ་ལ་ནུས་རྒྱུ་གཙང་མ་མཁོ་འདོན་ཐུབ་རྒྱུ་མ་ཟད་གློག་ནུས་ལྷག་མ་རྣམས་ཡོ་རོབ་ཏུ་ཕྱིར་གཏོང་ཐུབ་རྒྱུ་རེད།