འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།བོད་ལྗོངས་སྨར་ཁམས་ཀྱི་ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སྨར་ཁམས་ཀྱི་ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་འགོ་ཚུགས་པ།
      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན། བོད་ལྗོངས་སྨར་ཁམས་ཀྱི་ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་མཛེས་སྡུག་ལྡན་པའི་སྨར་ཁམས་སུ་སྤེལ་བ་རེད། ཁྲུང་ཆིང་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར། ཉེ་འཁོར་རྫོང་བཅས་ནས་ཡོང་བའི་སྐུ་མགྲོན་དང་། ཡུལ་སྐོར་ཚོང་པའི་འཐུས་མི། དེ་བཞིན་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་10ཙམ་སྨར་ཁམས་སུ་མཉམ་འཛོམས་བྱས་ནས། སྨར་ཁམས་ཀྱི་མང་ཚོགས་ཁྲི་ལྷག་དང་མཉམ་དུ་ལོ་གསུམ་ལ་ཐེངས་གཅིག་སྤེལ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དེར་གཟིགས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསུམ་ལ་ཡུལ་སྐོར་རིག་གནས་དུས་ཆེན་ཐེངས་གཅིག་སྤེལ་བའི་གོམས་སྲོལ་ལྟར། ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པས"ལོ་ངོ་སྟོང་གི་ཚྭ་ཞིང་། མཛེས་སྡུག་ལྡན་པའི་སྨར་ཁམས"ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། ཟླ་9ཚེས་3ནས་ཚེས་5ཉིན་བར་སྨར་ཁམས་རྫོང་དུ་སྤེལ་རྒྱུ་ཡིན་ཞིང་། སྒྱུ་རྩལ་དུས་ཆེན་སྐབས་སུ། འགོ་ཚུགས་མཛད་སྒོ་ཚུད་པའི་ཕུན་སུམ་ཚོགས་པའི་འཁྲབ་སྟོན་རྣམ་གྲངས་བཅུ་ལྷག་སྤེལ་རྒྱུ་རེད།
【1】  【2】  【3】
༄༅།།བོད་ལྗོངས་སྨར་ཁམས་ཀྱི་ཇ་རྟའི་གནའ་ལམ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དྲུག་པ་འགོ་ཚུགས་པ།