འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།མར་ཁེ་སིའི་འཁྲུངས་ཡུལ་དུ་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་ལུའུ་ཞུན་གྱི་རྩོམ་རིག་ལམ་བུའི་མཉམ་འགྲེམས་
བྱེད་སྒོ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། “ཀྲུང་གོ་དང་འཕྲད་པ —— མར་ཁེ་སི་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་རིག་གནས་འགྲེམས་སྟོན”གྱི་མཇུག་བསྡུའི་བྱེད་སྒོ་ཡིན་པའི་ཆ་ནས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག —— གཙང་གསུམ་ཆུ་འགོ”དང“ལུའུ་ཞུན་གྱི་རྩོམ་རིག་ལམ་བུའི”མཉམ་འགྲེམས་ཟླ་9ཚེས་1ཉིན་མར་ཁེ་སིའི་འཁྲུངས་ཡུལ་འཇར་མན་གྱི་ཐེ་ལིར་དུ་ཚོགས་པ་རེད།
      འགྲེམས་སྟོན་ས་གནས་ནི་ཐེ་ལིར་གྲོང་ཁྱེར་ལྟེ་གནས་ཀྱི་གནའ་བོའི་རོ་མའི་ཆུ་རྐྱལ་རྒྱག་ས་ཞིག་ཏུ་ཡོད་ལ་མར་ཁེ་སིའི་འཁྲུངས་ཡུལ་དང་ཐག་ཧ་ཅང་ཉེ། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཁོང་ཡུང་གིས་འགོ་ཚུགས་མཛད་སྒོའི་ཐོག“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག —— གཙང་གསུམ་ཆུ་འགོའི”འགྲེམས་སྟོན་ནང་པར་རིས་སྤུས་ལེགས་80གཞི་རྟེན་དུ་བྱས་ནས་གཙང་གསུམ་ཆུ་འགོའི་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པའི་བདག་མེད་སྲོག་ཆགས་དང་སྐྱེ་དངོས། ས་གནས་དེ་གའི་གདོད་མའི་རྣམ་པའི་མི་རིགས་རིག་གནས་བཅས་མཚོན་པར་བྱས་ཏེ། འཇར་མན་གྱི་དམངས་ཚོགས་ལ་གཙང་གསུམ་ཆུ་འགོའི་རང་བྱུང་དང་། ཞི་མཐུན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཉམས་སུ་མྱོང་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་པ་རེད།
      ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝེ་ཝེ་ཡིས། ལུའུ་ཞུན་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་རྩོམ་རིག་མཁས་ཅན་དང་། བསམ་བློ་མཁས་ཅན། གསར་བརྗེ་མཁས་ཅན་བཅས་ཡིན་ལ། འཇར་མན་གྱི་རྩོམ་རིག་བརྩམས་ཆོས་མང་པོ་རྒྱ་ཡིག་ཏུ་བསྒྱུར་ཡོད། ད་རེས“ལུའུ་ཞུན་གྱི་རྩོམ་རིག་ལམ་བུའི”འགྲེམས་སྟོན་ཐོག་དུས་ཚོད་ཀྱི་གོ་རིམ་ལྟར་པར་རིས་སོགས་བརྒྱུད་དེ་སྐུ་ཞབས་ལུའུ་ཞུན་གྱི་འོད་སྟོང་འབར་པའི་སྐུ་ཚེ་ཧྲིལ་པོ་མཚོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     “ཀྲུང་གོ་དང་འཕྲད་པ —— མར་ཁེ་སི་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་རིག་གནས་འགྲེམས་སྟོན”ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། འཇར་མན་ལའེ་དབྱིན་ལན—ཕུའུ་ཧྥར་ཚི་ཀྲོའུ(ལའེ་ཧྥ་ཀྲོའུ)རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཞིབ་འཇུག་སྤྱི་ཁྱབ་ཅུས། འཇར་ཀྲུང་མཛའ་གྲོགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ལ། ཟླ་6ཚེས་1ཉིན་ནས་བཟུང་བསྟུད་མར་མཉམ་འགྲེམས་བཞི་གཉེར་ཅིང་། མཉམ་འགྲེམས་རེ་རེར་བརྗོད་དོན་གཙོ་བོ་གཉིས་རེ་ཡོད་ལ་དུས་ཡུན་ཟླ་བ་གཅིག་ཙམ་རྒྱུན་མཐུད་བྱས་ཡོད་པ་རེད།