འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
       མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་16འབར་བའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཕེང་ཅ་ནུའོ་ལུས་རྩལ་ཐང་དུ་དལ་གྱིས་གཟིམ་པ་དང་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་ཚེས་2ཉིན་གྱི་དགོང་མོ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐར་མཇུག་འགྲིལ་བ་རེད། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ཡི་ལུས་རྩལ་པ་ཁྲི་1.13གྱིས་སྐབས་འདིའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཆེ་ཁག་40དང་ཆུང་ཁག་465ཡི་ནང་ཞུགས་པ་དང་ཆུ་རྐྱལ་དང་། ཚ་ཁ། མདའ་འཕེན། ལྗིད་འདེགས་བཅས་ཀྱི་རྣམ་གྲངས་ཁྲོད་འཛམ་གླིང་གི་ཟིན་ཐོ་གསར་པ་ལྔ་བཏོད་ཡོད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་མཇུག་འགྲིལ་མཛད་སྒོའི་དར་ཆ་སྒྲེང་མཁན་ནི་འཁྱགས་ཤུད་ལུས་རྩལ་པ་ཀུའོ་ཏན་ཡིན་པ་རེད།
      ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་སྐབས་འདིའི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་132དང་། དངུལ་གྱི་རྟགས་མ་92 ཟངས་ཀྱི་རྟགས་མ་65བཅས་ཐོབ་ནས་ཁྱོན་གཟེངས་བསྟོད་རྟགས་མ་289ཐོབ་པ་དང་གསེར་གྱི་རྟགས་མ་ཐོབ་མཁན་གྱི་མིང་གྲལ་དང་གཟེངས་བསྟོད་རྟགས་མ་ཐོབ་མཁན་གྱི་མིང་གྲལ་གཉིས་ཀ་ཨང་དང་པོ་ཡིན་པ་དང་། རི་པིན་གྱི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་75དང་། དངུལ་གྱི་རྟགས་མ་56 ཟངས་ཀྱི་རྟགས་མ་74བཅས་ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་ཐོབ་པ། ཧན་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་49དང་། དངུལ་གྱི་རྟགས་མ་58 ཟངས་ཀྱི་རྟགས་མ་70བཅས་ཀྱི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་ཐོབ་པ་རེད།