འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།མི་སྤྱི་པུས་རྒྱལ་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་གསལ། སློབ་གྲྭ་ཐོན་རུང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་གཅིག་སྡུད་རོགས་རམ་བྱ་ཆེད། ཚེས་1ཉིན་མི་སྤྱི་པུས་2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཟླ་བའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
      ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་བྱེད་སྒོའི་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་སྲིད་ཇུས་ཞབས་ཞུའི་བྱེད་ཐབས་ཁག་ཕྱོགས་བསྡུས་ངང་སྤྱད་ནས་ལས་ཞུགས་འདོད་བློ་ཡོད་མཁན་2018ལོར་སློབ་གྲྭ་ཐོན་རུང་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་དང་དེ་བཞིན་ལོ་དེ་སྔའི་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མར་དམིགས་སའི་རང་བཞིན་གྱི་ལས་ཞུགས་ཞབས་ཞུ་བྱ་རྒྱུ་རེད།