འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་4ཉིན།

༄༅།།འདི་ལོ་ནས་བཟུང“གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་ལ་གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞི”
ལག་ལེན་བསྟར་རྒྱུ་ཡིན་ཞེས་བསྟན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། 2018ལོར་སློབ་གསོ་པུའི་དགེ་རྒན་ལས་དོན་སི་དང་ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་མཉམ་དུ“གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་ལ་གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞི”ལག་ལེན་བསྟར་ནས་ལོ་ལྔའི་དུས་ཚོད་ནང་ལོ་ལྟར་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་300འདེམས་སྒྲུག་བྱ་རྒྱུ་ཡིན་པ་རེད། མིག་སྔར། གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞིའི་འོས་མིའི་མིང་ཐོ་ཁག་དང་པོ་གཏན་འཁེལ་བ་དང་འབྲེལ་ཡོངས་བསྒྲགས་བྱས་པ་དང་། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་དགེ་རྒན་དང“ཁུལ་གསུམ་ཀྲོའུ་གསུམ”གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ཚོགས་འདུའི་ཐོག་གཟེངས་བསྟོད་བྱ་རྒྱུ་ཡིན་པ་རེད། འདི་ནི་ཚེས་31ཉིན་གསར་འགོད་པར་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
      ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་ཁྲེན་ཞི་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་ལ་གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞི”ལག་ལེན་བསྟར་བའི་དམིགས་ཡུལ་ནི་དུས་རབས་གསར་པའི་ནང་གཞི་རིམ་དུ་སྐྱོད་ཐུབ་པ་དང་། གནས་ཐུབ་པ། སློབ་ཁྲིད་ཡག་པོ་བྱེད་ཐུབ་པ་བཅས་ཀྱི་གྲོང་གསེབ་ཀྱི་རྐང་འཛིན་དགེ་རྒན་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་དེ་རེད། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་དུས་ཐེངས་དང་པོར་ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་སྒོར་ཁྲི་500བརྒྱབ་སྟེ། གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞིར་རྒྱབ་སྐྱོར་བྱས་པ་དང་། ཁག་དང་པོའི་གསོ་སྐྱོང་དང་བྱ་དགའ་སྤྲོད་པའི་འཆར་གཞིའི་འོས་མི་རེར་བྱ་དགའ་སྒོར་ཁྲི་1གཅིག་ཐོབ་ཡོད་པ་རེད། གོམ་སྟབས་རྗེས་མར། བདམས་ཐོན་བྱུང་བའི་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་ཚོ་ཁག་དབྱེའི་ངང་སློབ་གསོ་པུའི་གྲགས་ཅན་དགེ་རྒན་གྱི་སྣེ་ཁྲིད་འདུ་འགོད་ལས་དོན་ཁང་དུ་གསོ་སྐྱོང་བྱ་རྒྱུར་འཇོག་པའམ་ཡང་ན་གསོ་སྐྱོང་བྱེད་ཐབས་གཞན་དག་སྤྱད་དེ་ཆེད་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཞིང་ཆེན་རིམ་པ་ཁག་གི་སྲིད་འཛིན་སྡེ་ཚན་གྱིས་ཀྱང་བདམས་ཐོན་བྱུང་བའི་གྲོང་གསེབ་ཀྱི་ཕུལ་བྱུང་ན་གཞོན་དགེ་རྒན་རྣམས་ས་གནས་དེ་གའི་རྐང་འཛིན་དགེ་རྒན་དང་། གྲགས་ཅན་དགེ་རྒན་སོགས་ཀྱི་གསོ་སྐྱོང་འཆར་གཞིའི་ནང་བཅུག་སྟེ་གཙོ་གནད་ཐོག་རྒྱབ་སྐྱོར་དང་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
      གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2018ལོའི་དགེ་རྒན་དུས་ཆེན་གྱི་དྲིལ་བསྒྲགས་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“བླ་ན་མེད་པའི་དགེ་རྒན་གྱི་སྤྱོད་བཟང་དར་སྤེལ་གཏོང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བར་འབད་བརྩོན་བྱེད”ཅེས་པ་དེ་རེད། བྱེད་སྒོ་གཙོ་གྲས་སུ་དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ་གློག་བརྙན་《ལི་པའོ་གོ་》དང་། 《ཧོང་ཏ་ཉན་》 《ཚེ་གང་ལྟ་སྲུང་བྱེད་》 《གྲོང་གསེབ་ཀྱི་བུད་མེད་དགེ་རྒན་》སོགས་གཅིག་སྡུད་ཐོག་བསྟན་རྒྱུ་ཡིན་པ་དང་། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་དགེ་རྒན་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ཕན་བརྡ་ཁྱབ་འཚོལ་བསྡུ་བྱས་ནས་བདམས་ཐོན་བྱུང་བའི་བརྩམས་ཆོས་དང་ཕུལ་བྱུང་བརྩམས་ཆོས་ལ་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ། དགེ་རྒན་ཡག་ཤོས་འཚོལ་བའི་སྤྱི་ཕན་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་ཕྱོགས་སྟོན་འཛིན་པ་དང་ཁྱབ་ཁོངས་ཁག་ཏུ་ཐོན་པའི་ཕུལ་བྱུང་དགེ་རྒན་དང་དགེ་རྒན་གྱི་ཀུན་སྤྱོད་དཔེ་མཚོན་དྲིལ་བསྒྲགས་བྱ་རྒྱུ། “དཔྱིད་ཀྱི་མེ་ཏོག སྟོན་གྱི་འབྲས་བུ”2018ལོའི་དགེ་རྒན་དུས་ཆེན་གྱི་ཆེད་དོན་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་མི་དམངས་དགེ་རྒན་གྱི་སྙིང་སྟོབས་ལ་བསྟོད་གླུ་འབུལ་རྒྱུ། དགེ་རྒན་དུས་ཆེན་གྱི་དགོང་མོར་རྒྱལ་ཡོངས་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་མཚོན་བྱེད་སྐྲུན་དངོས་ཐོག་ལ་བརྙན་ཤེལ་ནས་དུས་མཉམ་དུ“རྒན་ལགས། ཁམས་བཟང”ཞེས་པའི་ཡི་གེ་བསྟན་རྒྱུ་ཡིན་པ་རེད།