འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་བུའི་ནུས་པ་རྒྱ་བསྐྱེད་བསྒྱུར་བཀོད་ཀྱི་ལས་གྲྭ་གཙོ་བོ་བདེ་བླག་ངང་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་བུའི་ནུས་པ་རྒྱ་བསྐྱེད་བསྒྱུར་བཀོད་ཀྱི་ལས་གྲྭ་གཙོ་བོ་བདེ་བླག་ངང་མཇུག་འགྲིལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། ལོ་གཉིས་དང་ལོ་ཕྱེད་ཀྱི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་གྱི་ནུས་པ་རྒྱ་བསྐྱེད་བསྒྱུར་བཀོད་ལས་གྲྭ་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། གོར་ལྷའི་ལམ་དུམ་དུ་མེ་འཁོར་ཆ་5མང་དུ་གཏོང་བ་དང་། ཟོག་འདྲེན་མེ་འཁོར་འཁོར་སྐྱོད་ཀྱི་དུས་ཡུན་ཆུ་ཚོད་2ཉུང་དུ་ཕྱིན་པ། སྐྱེལ་འདྲེན་ནུས་པ་80%བར་མཐོ་རུ་ཕྱིན་ཡོད། འདིས་གོར་ལྷའི་ལམ་དུམ་དུ་སྐྱེལ་འདྲེན་ཛ་དྲག་པའི་རྣམ་པ་ཞི་ལྷོད་དུ་གཏོང་ཐུབ། མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་སའི་བར་ཁྱོན་རིང་ཚད་སྤྱི་ལེ་1142ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་དང་། ལམ་ཐག་རིང་ཤོས། མྱུར་ཚད་མགྱོགས་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཞིག་རེད།
༄༅།།མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་བུའི་ནུས་པ་རྒྱ་བསྐྱེད་བསྒྱུར་བཀོད་ཀྱི་ལས་གྲྭ་གཙོ་བོ་བདེ་བླག་ངང་མཇུག་འགྲིལ་བ།