འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་ཐོག་ཀྲུང་གོའི་སྒུལ་བདེའི་གཏོང་སྤྲོད་སྤྱད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
       མི་དམངས་དྲ་བའི་འཕྲིན། ཐད་གཏོང་གནམ་གྲུར་བསྡད་ནས་ཀྲུང་གོའི་པེ་ཅིང་ནས་སུའུ་ཀེ་ལན་གྱི་ལྟེ་བའི་གྲོང་ཁྱེར་ཨའེ་ཏིང་པའོ་རུ་སྐྱོད་སྐབས་ཀྲུང་གོའི་ཡུལ་སྐོར་བ་ཞའོ་ལིའུ་ཡིས་སྐད་འཕྲིན་གཏོང་སྤྲོད་ནས་ཨའེ་ཏིང་པའོ་རྒྱལ་སྤྱིའི་དམག་མིའི་རོལ་ཆའི་དུས་ཆེན་ལ་བསྐྱོད་པའི་སྤ་སེ་ཞིག་ཉོ་ཐུབ་པས་རང་ཉིད་འདི་ལོ་དབྱར་ཁར་དབྱིན་ཇིར་ཡུལ་སྐོར་དུ་འགྲོ་བ་དེ་ནི་ལྷོད་ཤིག་ཤིག་དང་སྟབས་བདེ་ཡིན་པའི་སྣང་བ་ཞིག་ཡིད་ལ་འཆར།
      “ང་ཚོ་ནི་སྐད་འཕྲིན་གཏོང་སྤྲོད་ནང་འདྲེན་བྱེད་པའི་སུའུ་ཀེ་ལན་གྱི་ཡུལ་སྐོར་རྣམ་གྲངས་ཐོག་མ་དེ་རེད། ཀྲུང་གོའི་ཡུལ་སྐོར་བའི་ཡིད་དབང་བཀུག་པའི་ཐད་ང་ཚོར་ལེགས་ཆ་ལྡན་ཡོད”ཅེས་ཨའེ་ཏིང་པའོ་རྒྱལ་སྤྱིའི་དམག་མིའི་རོལ་ཆའི་དུས་ཆེན་གྱི་དབུ་བཞུགས་ལག་བསྟར་དཔོན་དང་སྒྲིག་བཟོ་བ་གཅིག་ལྕོགས་ཏའེ་ཝེ·ཨའོ་ཨེར་ཧྥོ་ལི་ཡིས་ཉེ་ཆར་སྤོབས་སེམས་ལྡན་པའི་སྒོ་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།
      ཀྲུང་གོར་ཐེངས་མང་ཡོང་མྱོང་བའི་ཨའོ་ཨེར་ཧྥོ་ལིས་ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་དང་ཀྲུང་གོའི་སྒྱུ་རྩལ་ཚོགས་པའི་དབར་མཉམ་ལས་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་པ་མ་ཟད། ད་དུང་ཀྲུང་གོ་བའི་འཛད་སྤྱོད་བྱེད་སྟངས་ལའང་རྒྱུས་མངའ་རགས་ཙམ་ཡོད། ཁོང་གི་རྒྱབ་སྐྱོར་འོག་ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་གྱིས་ན་ནིང་སྐད་འཕྲིན་གཏོང་སྤྲོད་དབར་གྲོས་མཐུན་བཞག་ནས་ཐོ་འགོད་བེད་སྤྱོད་བྱེད་མཁན་སུའུ་ཀེ་ལན་གྱི་སྒྲིག་གཞི་སྤྱོད་མཁན་ཐོག་མ་དེར་གྱུར། འདི་ལོའི་དམག་མིའི་རོལ་ཆའི་དུས་ཆེན་འགོ་ཚུགས་པ་ནས་བཟུང་ཀྲུང་གོའི་གཟིགས་མོ་བ་ཚོས་སྐད་འཕྲིན་གཏོང་སྤྲོད་སྤྱད་དེ་ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་གྱི་སྤ་སེ་དང་དེ་བཞིན་ཐོན་རྫས་གཞན་དག་ཉོ་ཆོག
      “སྐད་འཕྲིན་གཏོང་སྤྲོད་ཤར་གཏོང་ཐུབ་པ་དེ་ཐོག་ནས་དབྱིན་སྐད་མི་ཤེས་པའི་ཀྲུང་གོའི་གཟིགས་མོ་བས་ཀྱང་ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་གྱི་སྤ་སེ་ཉོ་ཐུབ་ལ། ཀྲུང་གོའི་གཟིགས་མོ་བའི་གྲངས་འབོར་ཀྱང་ཧ་ཅང་མང་དུ་འགྲོ་བ་མཐོང་ཐུབ”ཅེས་བཤད་པ་རེད།
      ཨའོ་ཨེར་ཧྥོ་ལིས་སྐད་འཕྲིན་གཏོང་སྤྲོད་ཕུད། ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་གྱིས་ད་དུང་སྐད་འཕྲིན་དང་དཔོད་ཆུང་སོགས་ཀྲུང་གོའི་སྤྱི་འབྲེལ་ལས་སྟེགས་ནས་གཞུང་ཕྱོགས་ཀྱི་རྩིས་ཁྲ་བཟོས་ཏེ་དམག་མིའི་རོལ་ཆའི་དུས་ཆེན་གྱི་སྤུས་རྟགས་ཁྱབ་གདལ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
      1950ལོར་འགོ་ཚུགས་པའི་ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་ནི་ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ངོ་མཚར་ཆེ་བའི་དམག་མིའི་རོལ་ཆ་དང་སྣེ་མང་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་མཉམ་འདྲེས་ཟབ་མོ་ཐུབ་པས། དེ་ཉིད་གོ་ལ་ཧྲིལ་པོའི་སྐད་གྲགས་ཆེ་ཤོས་ཀྱི་དམག་མིའི་རོལ་ཆའི་དུས་ཆེན་གྱི་གྲས་ཤིག་ཏུ་གྱུར་བ་དང་ལོ་ལྟར་གཟིགས་མོ་བ་ཁྲི་22ཙམ་ལྟད་མོ་ལྟ་བར་ཡོང་རྒྱུའི་ཡིད་དབང་འགུག་གི་ཡོད།
      ཨའོ་ཨེར་ཧྥོ་ལིས་ངའི་རེ་བར་2020ལོའི་ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་ཀྲུང་གོར་འཚོག་ཐུབ་རྒྱུའི་རེ་བ་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ངར་བློ་སྒོ་མང་པོ་ཕྱེ་བྱུང་། ང་ཚོས་རྒྱལ་ཁབ་ཁག་གི་འཁྲབ་སྟོན་པ་ཨའེ་ཏིང་པའོ་གར་སྟེགས་ཐོག་གདན་དྲངས་བ་ཕུད། ད་དུང་ཕྱིར་བསྐྱོད་དེ་སུའུ་ཀེ་ལན་མི་རིགས་ཀྱི་རིག་གནས་དང་རིག་གནས་གཞན་དག་སྤེལ་རེས་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
      ཁོང་གིས་ངའི་ལས་དོན་ཚོགས་པའི་ནང་མི་ཁག་གཅིག་གིས་ཀྲུང་གོ་དང་འབྲེལ་བ་ཟབ་མོ་ཡོང་ཆེད་རྒྱ་ཡིག་སྦྱོང་བཞིན་ཡོད་ཅེས་བཤད།
       སུའུ་ཀེ་ལན་དུ་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་འདོད་བྱེད་མཁན་དམག་མིའི་རོལ་ཆའི་དུས་ཆེན་ཁོ་ན་མིན་པར། སུའུ་ཀེ་ལན་གྱི་ཡུལ་སྐོར་ཁྱབ་གདལ་སྡེ་ཚན་གྱིས་ཉེ་ཆར་འགོ་བརྗོད་དུ“ཀྲུང་གོའི་ཆེད་གྲ་སྒྲིག་ཟིན”ཞེས་པའི་འཆར་གཞི་བཏོན་ཡོད། དེའི་དམིགས་ཡུལ་ནི་སུའུ་ཀེ་ལན་གྱི་བཟའ་བཏུང་དང་། ཞག་སྡོད། ཡུལ་སྐོར། སིལ་ཚོང་ལས་རིགས་བཅས་ཀྱི་ཚོང་པས་ཀྲུང་གོའི་ཡུལ་སྐོར་བའི་དགོས་མཁོ་དང་དད་མོས་སྔར་བས་ཤེས་རྟོགས་བྱས་ཏེ་ཀྲུང་གོའི་ཁྲོམ་ར་དང་འབྲེལ་མཐུད་སྟབས་བདེ་ཡོང་བ་བྱས་ནས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཆེད་ཡིན་པ་རེད།
      ཨའེ་ཏིང་པའོ་ནི་སུའུ་ཀེ་ལན་གྱི་འཆར་གཞི་འདི་ལག་ལེན་བསྟར་མཁན་གྲོང་ཁྱེར་ཐོག་མ་དེ་རེད། ཨའེ་ཏིང་པའོ་དམག་མིའི་རོལ་ཆའི་དུས་ཆེན་གྱིས་ཀྲུང་གོའི་སྐད་འཕྲིན་གཏོང་སྤྲོད་བྱེད་སྟངས་སྤྱད་པ་ཕུད། གསར་འགོད་པས་ཉེ་ཆར་ཨའེ་ཏིང་པའོ་གྲོང་ཁུལ་གྱི་ཚོང་ཁང་ཁག་གཅིག་གི་སྒོའི་སྟེང་དུ་རྒྱ་ཡིག་མཚོན་རྟགས་དང་ཨའེ་ཏིང་པའོ་ཡུལ་སྐོར་ཅུས་ཀྱི་གཞུང་ཕྱོགས་སྐད་འཕྲིན་རྩ་གཉིས་ཨང་རྟགས་སྦྱར་ཡོད་པ་མཐོང་བྱུང་། སུའུ་ཀེ་ལན་གྱི་བལ་གྱི་ཐོན་རྫས་སམ་ཡང་ན་སུའུ་ཀེ་ལན་གྱི་ཝེ་ཧྲི་ཁེ་འཚོང་མཁན་ཚོང་ཁང་ཚང་མར་རྒྱ་སྐད་ཤོད་ཤེས་པའི་ཚོང་པ་རེ་འདུག མཛེས་ལྗོངས་ས་ཚིགས་དང་མགྲོན་ཁང་ཆེན་པོ་ནས་ད་དུང་རྒྱ་ཡིག་པར་མའི་ཨའེ་ཏིང་པའོ་ཡི་ཡུལ་སྐོར་ས་བཀྲ་ཡང་མཐོང་རྒྱུ་འདུག
       ཞབས་ཞུ་འདི་དག་ནི་སུའུ་ཀེ་ལན་གྱི་ཡུལ་སྐོར་ཅུས་ཀྱིས་ཀྲུང་གོའི་ཡུལ་སྐོར་བའི་ཁྲོམ་རར་དམིགས་ནས་བརྟག་དཔྱད་བྱས་པ་ལས་བྱུང་བ་ཞིག་རེད། བརྟག་དཔྱད་བྱས་པ་ལས་མངོན་དོན། ཀྲུང་གོའི་ཡུལ་སྐོར་བར་མཁོ་ཆེ་ཤོས་ཀྱི་ཡུལ་སྐོར་གྱི་ཆ་ལག་ཚང་བའི་ཞབས་ཞུའི་ཁྲོད་ཀྱི་མདུན་གྲལ་ཨང་རིམ་ལྔ་ནི་རིན་མེད་WiFiདྲ་བ་དང་། སྒུལ་བདེའི་གཏོང་སྤྲོད། མགྲོན་ཁང་ནང་ཆུ་ཚྭ་པོ་ཡོད་པ། རྒྱ་ཡིག་པར་མའི་ས་བཀྲ སྣེ་ཤན་པ་དང་དེ་བཞིན་ཀྲུང་གོའི་བཟའ་བཅའ་བཅས་རེད།
       འདི་ལོའི་ཟླ་དྲུག་པར་པེ་ཅིང་དང་ཨའེ་ཏིང་པའོ་དབར་ཐད་གཏོང་མཁའ་ལམ་ཤར་གཏོང་ཐུབ་པས་ཀྲུང་གོའི་ཡུལ་སྐོར་བ་སུའུ་ཀེ་ལན་དུ་བསྐྱོད་རྒྱུར་སྔར་བས་སྟབས་བདེ་བསྐྲུན་པ་མ་ཟད། ས་གནས་དེ་གའི་ཡུལ་སྐོར་ཁྲོམ་རར་ཡང་སྒུལ་ཤུགས་གསར་པ་ཞིག་བསྣན་ཡོད། སུའུ་ཀེ་ལན་ཡུལ་སྐོར་ཅུས་ཀྱི་གསར་དར་དཔལ་འབྱོར་དངོས་ཚན་ཁྲོམ་རའི་འགན་འཁུར་བ་ལའོ་ལ·མི་ཆི་ཨེར་གྱིས་ཨའེ་ཏིང་པའོ་ནི་དབྱིན་ཇིར་ཡུལ་སྐོར་དུ་ཡོང་མཁན་ཀྲུང་གོ་བའི་དགའ་ཤོས་བྱེད་པའི་ཡུལ་སྐོར་དམིགས་སའི་ཁུལ་གྲས་ཤིག་ཡིན་པ་དང་ཨང་རིམ་ཡང་ལོན་ཏོན་གྲོང་ཁྱེར་དང་འདྲ་པོ་ཡོད། ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་དང་ཡུལ་སྐོར་འཛད་སྤྱོད་མང་དུ་འགྲོ་བ་དང་བསྟུན་ནས་ངའི་ཉེ་བའི་ལོ་ཤས་རིང་གི་ལས་ཀ་གཙོ་བོ་ནི་ཀྲུང་གོའི་ཡུལ་སྐོར་བར་དམིགས་རྒྱུ་དེ་རེད་ཅེས་གསར་འགོད་པར་བཤད་བྱུང་།
       ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སུའུ་ཧྲ·ཁའེ་ལི་ཡིས་ཡུལ་སྐོར་དཔལ་འབྱོར་ཕུད། ཀྲུང་གོ་དང་ཨའེ་ཏིང་པའོ་ཡི་རིག་གནས་དང་སྒྱུ་རྩལ་ཁྱབ་ཁོངས་སུ་ཡང་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་ཡོད། “ང་ཚོས་ཐད་གཏོང་མཁའ་ལམ་གྱིས་ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་ལ་ཀྲུང་གོའི་ཡུལ་སྐོར་བ་དང་། གཟིགས་མོ་བ། འཁྲབ་སྟོན་ཚོགས་པ་དེ་བས་མང་བ་འདྲེན་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།