འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་3ཉིན།

༄༅།།“ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར”དམིགས་ནས་ཐབས་འདོན་
དང་སྲིད་དོན་སྐྱོང་རོགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་03ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དགུ་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་བཟོ་བོ་མཁས་པ་ཁྲི་སྟོང་མང་པོ་དགོས་ཀྱི་ཡོད། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཧྲིལ་པོས་ངལ་རྩོལ་ལ་བརྩི་བཀུར་དང་བཟོ་བོ་གོང་དུ་བཀུར་བའི་རིག་གནས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་འབྲེལ་ཡོད་ཞབས་ཞུ་འགན་ལེན་དང་ལམ་ལུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་ཤེས་ལྡན་མི་སྣར་ཐོབ་ཚོར་དང་། སྤོབས་སེམས། གཟི་བརྗིད་ཚོར་སེམས་བཅས་ཆེ་རུ་བཏང་ནས་ངལ་རྩོལ་ནི་གཟི་བརྗིད་དང་གསར་གཏོད་ནི་རླབས་ཆེན་ཡིན་པ་དེ་སྙན་འཇེབས་ལྡན་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཞིག་ཏུ་འགྱུར་བ་བྱས་ཏེ་རྒྱ་ཆེའི་ལས་བཟོ་ཚོར་ངལ་རྩོལ་དང་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ཕུཌ་འདུན་མངོན་འགྱུར་ཡོང་བར་ལྕག་སྐུལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཨུ་ཡོན་14དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བའི་འཐུས་མིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་དམིགས་པའི་དུས་རབས་ཀྱི་ནང་དོན་དང་། ནུས་པ་གལ་ཆེན། ལྕག་སྐུལ་བྱེད་ཐབས་བཅས་དང་དེ་བཞིན་འགན་ལེན་ལམ་སྲོལ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་ནས་ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འདེམས་སྒྲུག་རྒྱ་ཁྱབ་ངང་བྱས་ཏེ་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་ཤེས་ལྡན་མི་སྣའི་ཆབ་སྲིད་ཀྱི་ཐོབ་ཐང་དང་། དཔལ་འབྱོར་གྱི་ཐོབ་ཐང་། སྤྱི་ཚོགས་ཀྱི་ཐོབ་ཐང་བཅས་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་ཤེས་ལྡན་མི་སྣས་ནུས་པ་འདོན་སྤེལ་བྱ་རྒྱུར་ལས་སྟེགས་རྒྱ་ཆེན་པོ་གཏོད་དགོས་པ་དང་ཆབས་ཅིག་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་དོ་དམ་ཞབས་ཞུའི་ལས་དོན་དམིགས་སར་མ་འཁྱོལ་བ་དང་། གཞི་རིམ་ངལ་རྩོལ་པ་དང་བཟོ་བོའི་ཡོང་འབབ་ཆུ་ཚད་དམའ་བ་དང་། ལས་གནས་ཀྱིས་ཡིད་དབང་འགུག་ཤུགས་མི་འདང་བ། སྤྱི་ཚོགས་ཀྱི་མོས་སེམས་ཆེན་པོ་མེད་པ་སོགས་དང་། ཁེ་ལས་སུ“སློབ་རྒྱུས་ལ་སྣང་ཆེན་དང་ལག་རྩལ་ལ་སྣང་ཆུང་བྱེད་པ”དང“སྤྱོད་རྒྱུར་སྣང་ཆེན་དང་གསོ་སྐྱོང་ལ་སྣང་ཆུང་བྱེད་པའི”ལྟ་བ་ཡོངས་ཁྱབ་ངང་གནས་པ། དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ་བཅས་ཀྱང་མཐོང་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེང་ཞའོ་ཀོང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། མ་པེའོ། ཞ་པའོ་ལུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཀྲེ་ཡུང་དང་། ལི་ཞའོ་ཨན། ཞུས་ལིང་། པེན་ཧྥ་ཅི། ལི་ལུང་ཤིས། ཏུང་ཆང་། ཧུའུ་ཏེ་ཀྲའོ། ཏིང་ཞའོ་ཀང་། ཀྲེང་ཏ་ཧྥ། ཀྲའོ་ཧུང་ཝུའེ། ལི་ཅན་ཕིང་། ཧོང་ཆི། ཚའོ་ཆི་ཏུང་བཅས་དང་རྒྱལ་ཡོངས་གྱི་ངལ་རྩོལ་དཔེ་བཟང་བའི་འཐུས་མི་ལི་ཁའེ་ཅུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སློབ་གསོ་པུའུ། མི་སྤྱི་པུའུ་བཅས་ཀྱི་འགན་འཁུར་བས་ས་གནས་ས་ཐོག་ཏུ་གྲོས་མོལ་སྤེལ་རེས་གནང་བ་རེད།