འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་2ཉིན།

༄༅།།སྤྱི་བདེ་པུས་ནག་ཚོགས་དང་འབྲེལ་བའི་གྱོད་གཞི་ཚབས་ཆེན་ཁག་22མིང་སྦྱར་སྒྲུབ་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན་གསར་འགོད་པར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐུལ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། ཆེད་དོན་འཐབ་རྩོད་སྤེལ་ཚུན། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བྱ་ཐབས་ནན་པོ་བཏོན་པ་དང་བྱ་སྤྱོད་ཏན་ཏིག་སྤེལ་ནས་ནག་གཤེད་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། ཆེད་དོན་འཐབ་རྩོད་ལ་ཕན་འབྲས་གཏིང་ཟབ་ཐོན་ནས་ཆེད་དོན་གྱོད་གཞིའི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཚེས་22ཉིན་སྤྱི་བདེ་པུས་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཚབས་ཆེན་ཁག་22མིང་སྦྱར་སྒྲུབ་སྐུལ་བྱས་པ་རེད།
        ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཚབས་ཆེན་ཁག་22ནི། ཧྲན་ཤིས་ལུའི་ལེང་གྲོང་ཁྱེར་གྱི་ཁྲེན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་། ཧྲན་ཤིས་ཐའེ་ཡོན་གྲོང་ཁྱེར་གྱི་རེན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ནང་སོག་ཐུང་ལེའོ་གྲོང་ཁྱེར་གྱི་ཧྥེང་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ལེའོ་ཉིང་ཏ་ལན་གྲོང་ཁྱེར་གྱི་ཅིང་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ལེའོ་ཉིང་ཏན་ཏུང་གྲོང་ཁྱེར་གྱི་སུང་ཧྲེ་གཅེན་གཅུང་གི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཅི་ལིན་ཡུས་ཧྲུའུ་གྲོང་ཁྱེར་གྱི་ལིའུ་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀྲེ་ཅང་ཅིན་ཧྭ་གྲོང་ཁྱེར་གྱི་ཡུས་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཧྲན་ཏུང་ཝུའེ་ཧྥང་གྲོང་ཁྱེར་གྱི་ཚའོ་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཧོ་ནན་ཅི་ཡོན་གྲོང་ཁྱེར་གྱི་ལི་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཧོ་ནན་ཞུས་ཁྲེང་གྲོང་ཁྱེར་གྱི་ཁྲའེ་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཧོ་ནན་ཧྲང་ཆིའུ་གྲོང་ཁྱེར་གྱི་ཁྲེན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀོང་ཏུང་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁྲེན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀོང་ཏུང་ཆིན་ཡོན་གྲོང་ཁྱེར་གྱི་ཁྲེན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀོང་ཏུང་ཧྥུའུ་ཧྲན་གྲོང་ཁྱེར་གྱི་ཤེ་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་གྱི་ལི་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། སི་ཁྲོན་དབྱི་པིང་གྲོང་ཁྱེར་གྱི་རའོ་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་གྱི་ཀྲང་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཡུན་ནན་ཏ་ལི་གྲོང་ཁྱེར་གྱི་ཏེང་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཡུན་ནན་ཏེ་ཧུང་ཀྲོའུ་ཡི་ཁྲེན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཧྲའན་ཤིས་ཡན་ཨན་གྲོང་ཁྱེར་གྱི་ཡན་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི། ཀན་སུའུ་ཅིའུ་ཆོན་གྲོང་ཁྱེར་གྱི་ཧུའུ་ཆེ་གེ་མོའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་བཅས་རེད།
       སྤྱི་བདེ་པུའི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མིག་སྔར་ཆེད་དོན་འཐབ་རྩོད་འགག་སྒྲོལ་དཀའ་སེལ་གྱི་དུས་མཚམས་སུ་སླེབས་ཡོད། ཆེད་དོན་གྱོད་གཞི་མྱུལ་ཞིབ་སྒྲིག་འཛུགས་དང་གྱོད་སྒྲུབ་འགག་སྒྲོལ་ལས་དོན་སྤེལ་རྒྱུ་ནི་སྤྱི་བདེ་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ལས་འགན་ཨང་དང་པོ་རེད། སྤྱི་བདེ་པུས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་རལ་གྲི་གཤོམ་ཕོད་པ་དང་། མཁྲེགས་སར་གཏུག་ཕོད་པ། ཆེད་དོན་གྱོད་གཞི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནག་གཤེད་ཚོགས་པ་སྣ་ཚོགས་ལ་ཁྲིམས་བཞིན་རྡུང་རྡེག་ནན་པོ་གཏོང་དགོས། སྤྱི་བདེ་པུས་སྒྲུབ་སྐུལ་བྱས་པའི་གྱོད་གཞིར་ཞིང་ཆེན་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོས་ཆེད་དོན་གྱོད་གཞིའི་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཁུར་ནས་ཐད་ཀར་བཀོད་འདོམས་དང་མྱུལ་སྒྲུབ་བྱེད་དགོས། སྤྱི་བདེ་པུས་གྱོད་གཞི་སྒྲུབ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་འབྲེལ། ཐད་ཀར་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཚབས་ཆེན་ཁག་གཅིག་མྱུལ་ཞིབ་དང་སྒྲུབ་རྒྱུ་སྒྲིག་འཛུགས་བྱས་ནས་ནག་གཤེད་ཚོགས་པ་ཁག་གཅིག་ལ་རྡུང་རྡེག་ཚ་ནན་བཏང་སྟེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།