འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།ནོར་སྲིད་པུས་སྒོར་དུང་ཕྱུར་8.1བཏང་སྟེ་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་དང་དེ་བཞིན་
འབྲུབ་འགོག་ཐན་འགོག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་ནོར་སྲིད་པུའི་ཚོང་ལས་དང་ཆུ་བེད་པུའུ་དང་། ཞིང་ལས་དང་གྲོང་གསེབ་པུས་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་དང་དེ་བཞིན་ཚབས་ཆེའི་འབྲུབ་འགོག་ཐན་འགོག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་8.1གཤམ་སྤྲོད་བྱས་ནས་ཧྲན་ཏུང་དང་། ཨན་ཧུའེ། ཅི་ལིན། ཧེ་ལུང་ཅང་། ཅང་སུའུ། ཧྥུའུ་ཅན། ཅང་ཤིས། ཧོ་ནན། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཧྲའན་ཤིས། ཀན་སུའུ། ཧེ་ལུང་ཅང་ས་རྒོད་གསར་སྦོལ་སོགས་ས་ཁུལ་དུ་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། མ་དངུལ་དེ་དག་ཞིང་ལས་ཐོན་སྐྱེད་ཀྱི་གེཌ་སེལ་དང་དེ་བཞིན་ཆུ་སྐྱོན་ལས་གཏོར་སྐྱོན་ཕོག་པའི་ཆུ་བེད་སྒྲིག་བཀོད་སོགས་ཉམས་གསོ་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་དང། དེའི་ནང་ཧྲན་ཏུང་ཞིང་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་2.2སྤྲད་པ་དེ་དག་རྒྱ་མཚོའི་རླུང་འཚུབ་དང་དྲག་ཆར་གྱི་ཆུ་ལོག་གནོད་འཚེར་ཁ་གཏད་འཇལ་རྒྱུར་བཏང་སྟེ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ནོར་སྲིད་པུས་འབྲེལ་ཡོད་ཞིང་ཆེན་ཁག་ལ་མ་དངུལ་དོ་དམ་གྱི་གཏན་འབེབས་ལ་ནན་པོར་གཞིགས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། མ་དངུལ་གཏོང་སྤྲོད་དང་སྔོན་རྩིས་ལག་བསྟར་མགྱོགས་པོ་བྱེད་པ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། གནོད་འཚེའི་གནས་ཚུལ་ལ་ཁ་གཏད་མགྱོགས་པོ་འཇལ་བ་བཅས་ཀྱི་ཐོག་ནས་ཉེན་སེལ་རྒུད་སྐྱོབ་དང་ཞིང་ལས་ཐོན་སྐྱེད་ཀྱི་གུན་གསབ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།