འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།“ཏང་འཛུགས་སྐྱོང+དབུལ་སྐྱོར”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཝེ་རྫོང་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་གསར་སྤེལ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། “གྲོང་གསེབ་ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད”ཀྱི་ཏང་འཛུགས་སྐྱོང་གི་དབུལ་སྐྱོར་བྱེད་ཐབས་ཁྱབ་གདལ་དང་། ས་གནས་དེ་གའི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དབུལ་སྒྲོལ་འགག་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པ་རེད།