འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།“གསར་བརྗེའི་རིག་རྩལ་རུ་ཁག”གིས་རི་གྲོང་དུ་འཁྲབ་སྟོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་29ཉིན་ཧུའུ་པེ་ཞིང་ཆེན་གླུ་གར་ཁང་གི“གསར་བརྗེའི་རིག་རྩལ་རུ་ཁག”གི་ཡན་ལག་རུ་ཆུང་གིས་ཤང་དབྱང་གྲོང་ཁྱེར་པའོ་ཁང་རྫོང་ཀོ་ཏུའུ་དབན་གྲོང་རྡལ་ལུའོ་ཅ་ཕིང་གྲོང་ཚོའི་རིག་གནས་ཐང་ཆེན་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ལྟད་མོ་ཆེ་བའི་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པོ་བཤམས་པ་རེད།
         ད་ཐེངས་ཀྱི་བྱེད་སྒོ་ཧུའུ་པེ་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་འཁྲབ་རྩལ་ཚོགས་པ། ཞིང་ཆེན་གླུ་གར་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དུས་རབས་གསར་པའི‘གསར་བརྗེའི་རིག་རྩལ་རུ་ཁག’ཅིག་བྱ་རྒྱུའི”འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། རིག་རྩལ་ཡན་ལག་རུ་ཆུང་སྒྲིག་འཛུགས་ཀྱིས་གྲོང་གསེབ་ཏུ་འཁྲབ་སྟོན་བྱས་ནས་རིག་རྩལ་གཤམ་སྤེལ་དང་རིག་གནས་དམངས་ཕན་བྱེད་སྒོ་སྤེལ་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་བརྒྱུད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་དང་གོང་འཕེལ་ལ་ལེགས་སྐྱེས་འབུལ་ཆེད་རེད།