འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་1ཉིན།

༄༅།།སྤྱི་བདེ་པུས་འགྲིམ་འགྲུལ་ཁྲིམས་འགལ་དྲ་ཐོག་ཏུ་རང་འདེམས་ཐག་གཅོད་བྱེད་པའི་ལས་རིམ་ལེགས་བཅོས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྤྱི་བདེ་པུའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས(www.122.gov.cn)དང“འགྲིམ་འགྲུལ་དོ་དམ་12123”ཁ་པར་གྱི་APP(གཤམ་དུ“སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་དྲ་སྦྲེལ་གྱི་ལས་སྟེགས”ཞེས་གཅིག་གྱུར་བསྡུ་རྒྱུ)ཀྱི་འགྲིམ་འགྲུལ་ཁྲིམས་འགལ་རང་འདེམས་ཐག་གཅོད་ནུས་པ་ལེགས་བཅོས་བྱས་པར། རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་བྱེད་ཆོག་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་ཐོ་འགོད་བྱེད་པའི་ལས་རིམ་ལེགས་བཅོས་བྱས་པ་སོགས་ཚུད་ཅིང་། འགྲིམ་འགྲུལ་ཁྲིམས་འགལ་རང་འདེམས་ཐག་གཅོད་དེ་བས་སྟབས་བདེར་ཕྱིན་ཡོད་པ་རེད། ད་ཐེངས་ལས་སྟེགས་ལེགས་བཅོས་བྱས་པ་དེས་མང་ཚོགས་ཀྱིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་སྐར་ཁུང་བརྒྱུད་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་པར་ཤུགས་རྐྱེན་གང་ཡང་ཐེབས་མེད།
         རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་བྱེད་ཆོག་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་ཞིང་། ཁ་ལོ་བས“འགྲིམ་འགྲུལ་དོ་དམ་12123”ཁ་པར་གྱི་APPབརྒྱུད་རང་ཉིད་ཀྱི་མིན་པའི་མི་སྒེར་གྱི་མིང་འོག་གི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་ཐོ་འགོད་བྱེད་པའམ་ཡང་ན་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་བསྐྱོད་ནས་ལས་སྒོའི་སྐར་ཁུང་བརྒྱུད་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་བྱེད་ཆོག་གི་ཡོད། “འགྲིམ་འགྲུལ་དོ་དམ་12123”ཁ་པར་གྱི་APPབརྒྱུད་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་རང་འདེམས་ཐོ་འགོད་བྱེད་ཆོག་པ་དང་རིམ་རྩིས་ཀྱི་གྲངས་འབོར་སོགས་ཆ་རྐྱེན་གྱི་ཚད་བཀག་མེད་པ་བཟོས་ཡོད་པ་དང་། དུས་གཅིག་ལ་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་3ཐོ་འགོད་བྱེད་ཆོག་གི་ཡོད། ཐོ་འགོད་བྱས་རྗེས་ཁ་ལོ་བས་དུས་གང་རུང་དུ་ཐོ་བསུབ་ཆོག་པ་དང་འབྲེལ་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་སླར་ཡང་ཐོ་འགོད་བྱེད་ཆོག་གི་ཡོད། ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་ཀྱི་བདག་པོ་དེ་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་དྲ་སྦྲེལ་ལས་སྟེགས་ཐོག་ཐོ་འགོད་བྱས་པའི་འཛད་སྤྱོད་པ་མིན་ན་ཡང་ཆོག་གི་ཡོད།
        “འགྲིམ་འགྲུལ་དོ་དམ་12123”ཁ་པར་གྱི་APPཐོག་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་བྱེད་པའི་བརྒྱུད་རིམ་ལེགས་བཅོས་བྱས་ཤིང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོ་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་དྲ་སྦྲེལ་ལས་སྟེགས་ཐོག་ཐོ་འགོད་བྱས་པའི་འཛད་སྤྱོད་པ་ཡིན་ཚེ་ཁ་ལོ་བས“བཤར་འབེབས་བྱས་ནས་ཐོ་འགོད་བྱེད་པ”འམ་ཡང་ན“འཕྲིན་ཐུང་ནས་ར་སྤྲོད་བྱས་ཏེ་ཐོ་འགོད་བྱེད་པའི”ཐབས་ཤེས་གཉིས་གདམ་ག་བྱེད་ཆོག་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོ་དེ་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་དྲ་སྦྲེལ་ལས་སྟེགས་ཐོག་ཐོ་འགོད་བྱས་པའི་འཛད་སྤྱོད་པ་མིན་ཚེ་ཁ་ལོ་བས“འཕྲིན་ཐུང་ནས་ར་སྤྲོད་བྱས་ཏེ་ཐོ་འགོད་བྱེད་པའི”བྱ་ཐབས་སྤྱད་ནས་ཐོ་འགོད་བྱས་ན་འགྲིག་པ་དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་བདག་པོས་དུས་གང་རུང་དུ་ཐོ་འགོད་གནས་ཚུལ་འཚོལ་བཤེར་དང་ཐོ་འགོད་འབྲེལ་བ་མེད་པར་བཟོ་ཆོག་གི་ཡོད།
        སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་ཞབས་ཞུའི་དྲ་སྦྲེལ་ལས་སྟེགས་བརྒྱུད་མི་སྒེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་སྐབས་དུས་མཚུངས་སུ་གཤམ་གསལ་གྱི་གནས་ཚུལ་དག་ཚང་དགོས་པ་སྟེ། གཅིག་ནས་འགྲིམ་འགྲུལ་ལག་རྩལ་གྱི་ལྟ་སྐུལ་ཚོད་འཛིན་ཡོ་ཆས་ནང་ཟིན་ཐོ་བཀོད་ཟིན་པ་དང་། གཉིས་ནས་དངུལ་ཆད་སྤྱོད་ཐེངས་གཅིག་ལ་སྒོར་200ལས་བརྒལ་མེད་པ། གསུམ་ནས་ཐག་གཅོད་བསྒུགས་ནས་བསྡད་པའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྐར་མ་འཐེན་གྲངས་དང་ཁ་ལོ་བས་མིག་སྔར་རིམ་རྩིས་བྱས་པའི་སྐར་མ་འཐེན་གྲངས་བསྡོམས་ན་སྐར་མ་12ཟིན་མེད་པ་བཅས་རེད། གོང་གསལ་གྱི་ཆ་རྐྱེན་དེ་དག་འཛོམས་པའི་རྨང་གཞིའི་འོག་ཁ་ལོ་བས་ད་དུང་ལས་སྟེགས་ཐོག་རང་ཉིད་ཀྱི་མིན་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་སྐར་མ་འཐེན་མེད་པའི་འགྲིམ་འགྲུལ་ཁྲིམས་འགལ་རང་འདེམས་ཐག་གཅོད་བྱེད་ཆོག་པའམ་ཡང་ན་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཐོ་འགོད་བྱས་རྗེས་སྐར་མ་བཀོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གནས་ཚུལ་ཐོན་ཚེ་ཐག་གཅོད་བྱེད་ཆོག་གི་ཡོད། གཞན་ཡང་འགྲིམ་འགྲུལ་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་ཆད་གཅོད་བྱས་ཚེ། ཁ་ལོ་བས་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་དྲ་སྦྲེལ་ལས་སྟེགས་བརྒྱུད་ནས་དངུལ་ཆད་འཇལ་ཆོག་པའི་དྲན་སྐུལ་བྱས་པ་རེད།
       སྤྱི་བདེ་པུས་དམིགས་བསལ་དྲན་སྐུལ་བྱས་དོན། ད་ཐེངས་དྲ་ཐོག་ཏུ་འགྲིམ་འགྲུལ་ཁྲིམས་འགལ་རང་འདེམས་ཐག་གཅོད་བྱེད་ནུས་ལེགས་བཅོས་བྱས་པ་དང་དེ་བཞིན་མིག་སྔར་ས་ཁུལ་ཁག་གཅིག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་སྐར་ཁུང་དུ་ངོ་བཤེར་བྱེད་པ་སོགས་ཀྱི་ལག་རྩལ་སྒྲིག་ཆས་སྤྱད་པ་དེས་སྐར་ཁུང་དུ་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་པར་ཤུགས་རྐྱེན་གང་ཡང་ཐེབས་མེད་པ་དང་། སྐར་ཁུང་དུ་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་པར་སྔོན་ནས་ཐོ་འགོད་བྱེད་དགོས་ཀྱི་མེད། དྲ་ཐོག་ཏུ“འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་པའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་འདུག་པས་ཟླ་9ཚེས་1ཉིན་གོང་དུས་ཚོད་དམ་འཛིན་བྱས་ནས་ཐག་གཅོད་བྱེད་དགོས”ཞེས་པ་དཀྲོག་གཏམ་ཡིན་པས་ཚང་མས་དེར་ཡིད་ཆེས་དང་བརྒྱུད་སྤེལ་མི་བྱེད་པ་དང་སྐར་ཁུང་དུ་ཐག་གཅོད་བྱེད་རྒྱུར་རུབ་མི་རུང་།