འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཞུ་ནང་། གོ་ལ་ཧྲིལ་བོའི་སློབ་མ་དུང་ཕྱུར5.7ཡི་སློབ་གྲྭ་ཆུང་འབྲིང་ལ་
གཞི་རྩའི་འཐུང་ཆུ་ཞབས་ཞུ་མཁོ་འདོན་མེད་པ་འཁོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ8པའི་ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་བོའི་སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭའི་འཐུང་ཆུ་སོགས་གནས་ཚུལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་སྤེལ་བ་ལས་གསལ་བ་ལྟར་ན། གོ་ལ་ཡོངས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དུང་ཕྱུར5.7ཡི་སློབ་གྲྭ་རུ་གཞི་རྩའི་འཐུང་ཆུའི་མཁོ་འདོན་ཞབས་ཞུ་མེད་པ་དང་། ཞབས་ཞུ་འདི་རིགས་མཁོ་འདོན་བྱས་ཐུབ་པའི་སློབ་གྲྭའི་ཟིན་ཚད་ནི69%ཡིན།
    མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཐེངས་དང་པོར་གོ་ལ་ཡོངས་སུ་སློབ་གྲྭ་ཆུང་འབྲིང་གི་འཐུང་ཆུ་དང་ཁོར་ཡུག་འཕྲོད་བསྟེན་ལ་གོ་ལ་ཧྲིལ་པོའི་དཔྱད་དཔོག་སྙན་ཞུ《སློབ་གྲྭའི་འཐུང་ཆུ་དང་གསང་སྤྱོད། སྒེར་གྱི་འཕྲོད་བསྟེན་སྟེ། 2018ལོའི་གོ་ལ་ཧྲིལ་བོའི་རྨང་གཞིའི་སྙན་ཞུ》ཞེས་པའི་ནང་དུ། བྱིས་པ་ཚོར་སློབ་གྲྭའི་ནང་དུ་བདེ་འཇགས་ཀྱི་འཐུང་ཆུ་དང་། གསང་སྤྱོད། ལག་འཁྲུད་ཀྱི་འདག་རྫས་འཛོམས་དུས། ད་གཟོད་ཁོང་ཚོའི་སློབ་སྦྱོང་གི་ཁོར་ཡུག་ཚད་དང་མཐུན། ཡིན་ནའང་། ཞིབ་བཤེར་བྱས་པའི་འབྲས་བུ་ཡིས་མི་རྣམས་སེམས་ཁྲལ་བྱེད་དུ་བཅུག་པ་སྟེ། གོ་ལ་ཧྲིལ་བོའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དུང་ཕྱུར6.2ལ་གསང་སྤྱོད་ཡག་པོ་མེད་པ་དང་། སློབ་མ་དུང་ཕྱུར9ཙམ་གྱིས་རྒྱུན་ལྡན་ངང་ལག་པ་བཀྲུ་མི་ཐུབ་པ། སློབ་གྲྭ47%ཡིས་སློབ་མ་ལ་ལག་པ་འཁྲུད་བྱེད་ཀྱི་འདག་རྫས་མཁོ་སྤྲོད་བྱེད་མེད་པ། ས་ཧ་རའི་ལྷོ་ཕྱོགས་ཀྱི་ཧྥེ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་གི་སློབ་གྲྭ་སུམ་ཆ་གཅིག་ལ་གསང་སྤྱོད་མེད་པ་བཏོན།
    སྙན་ཞུ་ལས་སློབ་གྲྭའི་འཕྲོད་བསྟེན་དང་འཕྲོད་བསྟེན་སྒྲིག་ཆས་ཀྱི་གལ་ཆེན་རང་བཞིན་ནན་བཤད་གནང་ཡོད་པ་དང་། ཁྱད་པར་དུ་བུ་མོའི་ངོས་ནས་བཤད་ན། གལ་ཏེ་སྒྲིག་ཆས་ཆ་ཚང་ཡོད་ན། ཁོང་ཚོས་སྦྱོང་ཚན་དེ་བས་ཡག་པོ་བསྒྲུབ་ཐུབ་པར་བསྟན།
     སྙན་ཞུ་ལས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས2030ལོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་དུ་མི་ཚང་མར་བདེ་ཐང་དང་རྒྱ་ཆེ་བ། ཕན་ནུས་ཆེ་བའི་སློབ་སྦྱོང་གི་ཁོར་ཡུག་ལོངས་སུ་སྤྱོད་དབང་ཡོད་པ་བཤད། འདིའི་ཡིས2030ལོ་སླེབས་དུས། ཁྱིམ་ཚང་དང་སློབ་གྲྭ། ལུས་ཁམས་བདེ་སྲུང་གི་ལས་ཁུངས། ལས་ཀའི་ཚོགས་ར་ཚང་མ་ལ་གཞི་རྩའི་འཐུང་ཆུ་དང་འཕྲོད་བསྟེན་སྒྲིག་ཆས་མཐུན་སྦྱོར་བྱ་བར་མཚོན་ཡོད།