འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་29ཉིན།

༄༅།།རང་རྒྱལ་གྱིས་གཞོན་སྐྱེས་དགེ་རྒན་གྱི་སློབ་ཁྲིད་ཚན་ཞིབ་ལ་རྒྱབ་སྐྱོར་བརྟན་པོ་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       མི་དམངས་དྲ་བའི་འཕྲིན། ཚེས་27ཉིན། སློབ་གསོ་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་《མཐོ་རིམ་སློབ་གྲྭས“རྩེ་གྲ་གཉིས”འཛུགས་སྐྱོང་མྱུར་པོ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་ནས་མིག་སྔར་མཐོ་སློབ་ཀྱིས“རྩེ་གྲ་གཉིས”འཛུགས་སྐྱོང་གི་སྤྱིའི་ཇུས་གཞི་དང་ལག་བསྟར་བྱ་ཐབས་དོན་འཁྱོལ་བྱས་པར་མཛུབ་ཁྲིད་ཞིབ་ཕྲ་བྱས་པ་རེད། མཛུབ་ཁྲིད་བསམ་འཆར་ནང་གཞོན་ནུ་དགེ་རྒན་གྱི་སློབ་ཁྲིད་ཚན་ཞིབ་ལ་རྒྱབ་སྐྱོར་བརྟན་པོ་བྱ་ཤུགས་ཆེ་རུ་བཏང་ནས་རིག་གཞུང་རྐང་འཛིན་པ་གཞོན་དར་རྣམས་རྒྱལ་སྤྱིའི་རིག་གཞུང་གི་མདུན་གྲལ་དང་རྒྱལ་ཁབ་འཐབ་ཇུས་ཀྱི་མདུན་གྲལ་དུ་བསྐྱལ་ཏེ་རྣམ་གྲངས་གལ་ཆེན་གྱི་འགན་འཁུར་བ་དང་ལས་འགན་གལ་ཆེན་ནང་ཞུགས་ཐུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་ཁ་གསལ་བཏོན་པ་རེད།
        མཛུབ་ཁྲིད་བསམ་འཆར་ནང་ཆུ་ཚད་མཐོ་བའི་རིག་ཚན་ཚོགས་པ་དང་འོས་གྲབས་དཔུང་ཁག་འཛུགས་དགོས་ཤིང་། མཆོག་རམས་པ་སོགས་གཞོན་སྐྱེས་རྐང་འཛིན་པའི་སྟོབས་ཤུགས་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཚོད་ལྟའི་ལག་རྩལ་དང་། བཟོ་སྐྲུན་ལག་རྩལ། ལག་ལེན་མཛུབ་ཁྲིད་དང་དོ་དམ་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་བཅས་བརྟན་པོ་ཞིག་བཙུགས་ནས་ཚན་ཞིབ་ཀྱི་སྟོབས་ཤུགས་གསར་པ་ཡིན་པའི་སློབ་མར་མཐོང་ཆེན་དང་གསོ་སྐྱོང་བྱེད་དགོས། ཚན་ཞིབ་གནད་དོན་གལ་ཆེན་དང་མཉམ་ལས་ལམ་སྲོལ་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་འཛིན་ཏེ་ཚན་ཞིབ་ཚོགས་པར་སྤྱི་ཡོངས་རང་བཞིན་གྱི་གདེང་འཇོག་བྱས་ནས་ལེགས་སྐྱེས་དང་འཚམ་པའི་གདེང་འཇོག་ལྕག་སྐུལ་མ་ལག་ཅིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།