འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ངང་ལག་སྐོར་ལ་ཁྱེད་ཀྱིས་ཧ་མི་གོ་བའི་དོན་དག་འགའ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་གཏམ་དཔེར། "ཉིན་གཅིག་ལ་ཀུ་ཤུ་གཅིག་བཟས་ན། སྨན་པ་དང་ང་བར་ཐག་རིང་དུ་འགྲོ"ཞེས་ཟེར། དོན་དངོས་ཐོག ངང་ལག་གི་ནུས་པ་དེ་དང་ཧ་ལམ་འདྲ་པོ་ཡོད། ངང་ལག་ལ་འཚོ་རྒྱུ་Aདང།   Bརིགས་ཀྱི་འཚོ་རྒྱུ། འཚོ་རྒྱུ་C འཚོ་རྒྱུEབཅས་འདུས་པ་ཕུད། ད་དུང་ཅཱ། ཏི་ཚ། ལྕགས་སོགས་ཀྱི་གཏེར་རྒྱུ་ཕུན་སུམ་ཚོགས་པོ་ཡོད། 《རྒྱ་གར་གྱི་དུས་རབས་ཚགས་པར་》ནང་ངང་ལག་གི་ཕན་ནུས་ཞིབ་པར་བཀོད་ཡོད་པ་སྟེ།
      གཅིག ཁྲག་ཤེད་ཚོད་འཛིན་བྱེད་ཐུབ།  ཞིབ་འཇུག་ལས་གསལ་སྟོན།  ངང་ལག་ནང་གི་གཞི་རྒྱུ་ཅཱ་ཡིས་ཁྲག་ཤེད་ཚོད་འཛིན་བྱ་ཐུབ་ལ།  ཁྲག་ཤེད་དམའ་རུ་འགྲོ་རྒྱུར་ཕན་ཐོག་ཡོད།
     གཉིས། ཀླད་པའི་ནུས་པར་ཕན། ངང་ལག་ནང་དུ་Bརིགས་ཀྱི་འཚོ་རྒྱུའི་ཡོང་ཁུངས་བཟང་བས། དབང་རྩའི་ནུས་པར་ངར་སློང་ཐུབ་ལ་སློབ་སྦྱོང་གི་ནུས་པ་ཇེ་མཐོར་གཏོང་ཐུབ།
     གསུམ། གྲིབ་ནད་ཀྱི་ཉེན་ཁ་དམའ་རུ་གཏོང་ཐུབ།   ཞིབ་འཇུག་བྱས་པ་ལས་མངོན་གསལ། དུས་རྒྱུན་དུ་ངང་ལག་བཟས་ན་གྲིབ་ནད་ཕོག་པའི་ཉེན་ཁ་དམའ་རུ་གཏོང་ཐུབ་པ་སྟེ། ངང་ལག་ནང་དུ་དབྱང་འགྱུར་འགོག་རྫས་དང་བཟའ་བཅའི་ཚི་སྣ་ཕུན་སུམ་ཚོགས་པོ་འདུས་ཡོད་པས། དུས་རྒྱུན་དུ་ཤིང་འབྲས་འདི་རིགས་བཟས་ན་ད་དུང་སྐྲན་ནད་ཕོག་པའི་ཉེན་ཁའང་ཉུང་དུ་གཏོང་ཐུབ།
     བཞི། རུས་པའི་བདེ་ཐང་སྲུང་འཛིན་རྒྱུན་འཁྱོངས་བྱེད་ཐུབ།  ངང་ལག་ནང་འདུས་པའི་ཕན་སྐྱེ་གཞི་རྒྱུས་ལུས་པོའི་ནང་གི་ཀལ་ཡག་པོ་འདུ་ཐུབ་པས། རུས་པའི་བདེ་ཐང་ལ་ཕན་ཐོགས་ལྡན།
      ལྔ། འཇུ་བྱེད་ནུས་པར་ཕན།  ངང་ལག་ནང་དུ་འདུས་པའི་ཕན་སྐྱེ་གཞི་རྒྱུས་ལུས་པོའི་འཚར་ལོང་ལ་ཕན་ཐོགས་ནས་འཚོ་བཅུད་དངོས་རྫས་འདུ་ཡག་པོ་ཐུབ་པས། མིའི་ལུས་པོའི་ཟས་འཇུ་བའི་ནུས་པ་མཐོ་རུ་གཏོང་ཐུབ་པ་དང་། ཕན་ཐོགས་མེད་པའི་གཞི་རྒྱུས་ལུས་པོར་སྐྱོན་གཏོང་རྒྱུ་འགོག་ཐུབ། གཞན་ཡང་། ངང་ལག་ལ་ད་དུང་སྐུམ་འཐེན་རང་བཞིན་ལྡན་པས། ཁོག་པ་བཤལ་བ་འགོག་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
     དྲུག བཙོག་པ་འགག་པ་སེལ་ཐུབ།  ངང་ལག་ནང་དུ་འདུས་པའི་ཤིང་ཏོག་གི་སྤྱིན་གཟུགས་ཀྱིས་བཙོག་པ་འགག་པ་སེལ་ཐུབ་པས། སྨིན་ཟིན་པའི་ངང་ལག་བཟས་ན་རྒྱུ་མ་གསོ་ཐུབ་ཀྱི་ཡོད།