འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཧུའུ་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། སློབ་གཙོ་ཐན་ཡོན་ཧྲེང་གིས་
སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཧུའུ་ནན་ཞིང་ཆེན་སྒྲིག་ཨུད་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཧུའུ་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། སློབ་གཙོ། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་གི་འགོ་འཛིན་ཐན་ཡོན་ཧྲེང་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཚབས་ཆེན་ཡོད་པས། མིག་སྔར་ཧུའུ་ནན་ཞིང་ཆེན་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
ཐན་ཡོན་ཧྲེང་གི་ལོ་རྒྱུས།
    ཐན་ཡོན་ཧྲེང་། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་7པར་སྐྱེས། ཧུའུ་ནན་དབྱི་དབྱང་གི་མི་ཡིན། 1982ལོར་ལས་ཀར་ཞུགས། 1996ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་པ་དང་། ཞིབ་འཇུག་སློབ་མའི་བསླབས་རིམ་ཡིན། ཧུའུ་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་ཡོན་ཀྲང་གི་ལས་རོགས་དང་ཡོན་ཀྲང་གཞོན་པ། ཏང་ཨུད་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་བཅས་ཀྱི་འགན་འཁུར་མྱོང་ཡོད། 2011ལོའི་ཟླ་7པ་ནས་བཟུང་ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཏང་ཨུད་ཨུ་ཡོན་དང་། སློབ་གཙོ་གཞོན་པ། ཏང་ཨུད་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་གི་འགོ་འཛིན་བཅས་ཀྱི་འགན་འཁུར། 2017ལོའི་ཟླ་8པར་ཧུའུ་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་། སློབ་གཙོ། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་གི་འགོ་འཛིན་གྱི་འགན་འཁུར་བ་རེད།