འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཟླ་7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་
མི་7353ལ་ཆད་པ་བཅད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་27ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ད་ལོའི་ཟླ་7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་5178བྱུང་བ་དང་། མི་7353ལ་ཆད་པ་བཅད་ལ། མི་5101ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད།
    རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་ཐོག་འཁྱོལ་བའི་གནས་ཚུལ་ཁོང་དུ་ཆུད་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་ལྗོངས། གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། ཀྲུང་དབྱང་ཁེ་ལས། ཀྲུང་དབྱང་དངུལ་རྩའི་ཁེ་ལས་སོགས་ལ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བའི་གནས་ཚུལ་ཟླ་རེར་སྤེལ་བའི་ལམ་ལུགས་བཙུགས་ཡོད།
   ཟླ་7པར་ཞིབ་བཤེར་བྱུང་ཡོད་པའི་གནད་དོན་ནང་དུ། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་1376དང་། སྒྲིག་འགལ་ངང་ལག་རྟགས་དང་དངུལ་སྤྲད་པའི་གནད་དོན་992། སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན་690། སྒྲིག་འགལ་ངང་གཞུང་རྒྱུ་སྤྱད་དེ་བཟའ་བཏུང་བྱས་པའི་གནད་དོན་657། གཞི་རྒྱ་ཆེ་བའི་གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་གནད་དོན་504། ཚད་གཞི་ལས་བརྒལ་བའི་སྣེ་ལེན་དང་ལེན་བྱས་པའམ་མཁོ་སྤྲད་བྱས་པའི་གནད་དོན། གཞུང་རྒྱུ་སྤྱད་དེ་རོལ་རྩེད་དང་བདེ་ཐང་གི་བྱེད་སྒོ་སྤེལ་བའམ་དང་ལེན་བྱས་པའི་གནད་དོན། སྒྲིག་འགལ་ངང་མི་སྒེར་གྱི་འདུ་འཛོམས་ལ་ཞུགས་པ། འགོ་ཁྲིད་ལས་བྱེད་ཀྱི་སྡོད་ཁང་སྒྲིག་འགལ་ཡིན་པ། སྒྲིག་འགལ་ངང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་སྣེ་ལེན་དང་ལེན་བྱས་པའི་གནད་དོན་464། གཞུང་རྒྱུ་བེད་སྤྱད་དེ་ཡུལ་སྐོར་ལ་འགྲོ་བའི་གནད་དོན314། སྣེ་ལེན་ཁང་བཅས་ཀྱི་སྒྲིག་འགལ་གནད་དོན་181བཅས་ཡོད། ཟླ་7པར་ཏང་སྒྲིག་སྲིད་དོན་གྱི་ཆད་པ་ཕོག་པའི་ལས་བྱེད་པའི་ནང་དུ། ས་ཁུལ་ལམ་ཐིང་རིམ་པའི་མི་67དང་རྫོང་ངམ་ཁྲུའུ་རིམ་པའི་མི་496ཡོད།