འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཆན་ཞོལ་སེན་གྱི་གླེང་སྟེགས་དུས་ཐེངས་བཅུ་དྲུག་པས་དམག་དམངས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་
བའི་འཕེལ་རྒྱས་ལ་དམིགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཆན་ཞོལ་སེན་གྱི་གླེང་སྟེགས་དུས་ཐེངས་བཅུ་དྲུག་པ་ཚེས་24ཉིན་ནང་སོག་གི་པའོ་ཐོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། ཡོན་ཧྲེ་30ཙམ་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ཕྲག་གིས་དམག་དམངས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཇི་ལྟར་བྱེད་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ནང་སོག“དམག་དཔུང་དང་ས་གནས་མཉམ་དུ་དར་བའི”མདུན་སར་འགྱུར་གང་ཐུབ་བྱས་ནས་དམག་དམངས་མཉམ་འདྲེས་ཀྱི་དཔེ་སྟོན་རྣམ་པ་ཞིག་གཏོད་རྒྱུ་རེད། 
       པའོ་ཐུའོ་ནི་རྒྱལ་སྲུང་གི་ཆེད་དུ་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། དམག་དོན་ཁེ་ལས་སྟོབས་ཆེར་འགྲོ་བ་དང་བསྟུན་ནས་རྒྱ་སྟོབས་ཆེ་རུ་ཕྱིན་ཞིང་། ད་ཆ“རྒྱལ་མཚོན་མིང་ཅན”གྱི་དམག་དོན་ཁེ་ལས་དང་ཚན་ཞིབ་ཁང་ཁག་གཅིག་ཡོད། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་ནི་མིག་སྔར་ས་གནས་དེ་གའི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། སྒུལ་ནུས་གསར་རྙིང་བརྗེ་སྒྱུར། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་གླེང་སྟེགས་ཐོག“ཆན་ཞོལ་སེན་གྱི་ཇུས་འདོན་ཚོགས་པས་དམག་དམངས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་གཅེས་ཡར་བརྩོན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་ནས་རྩྭ་ཐང་དུ་བྱས་རྗེས་འཇོག་པའི་ལས་འགན་ཧུར་ཐག་སྒྲུབ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། དེའི་དམིགས་ཡུལ་ནི་དམག་སྲིད་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་སྤེལ་རེས་ཀྱི་གླེང་སྟེགས་བསྐྲུན་ནས་ཁྱབ་ཁོངས་སྔར་བས་ཆེ་བ་དང་རིམ་པ་དེ་བས་མཐོ་པོས་ཁྱབ་ཁོངས་ཁག་གི་ཡོན་ཧྲེ་དང་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་གྲོས་བསྡུར། པའོ་ཐོའུ་གྲོང་ཁྱེར་དང་ཐ་ན་ནང་སོག་གི་དམག་དམངས་མཉམ་འདྲེས་ཕྱོགས་སྒྱུར་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་གང་མགྱོགས་ཡོང་ཆེད་རིག་ནུས་ཀྱི་རྒྱབ་སྐྱོར། དཔལ་འབྱོར་གྱི་ལེགས་ཆ་དང་དམག་དོན་གྱི་ལེགས་ཆ་འཁོར་རྒྱུག་བཟང་པོ་ཡོང་བ་བཅས་བྱས་ནས་དམག་དམངས་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་བསམ་ཕྱོགས་གསར་པ་དང་། བྱེད་ཐབས་གསར་པ། ཐབས་ལམ་གསར་པ་བཅས་མཁོ་འདོན་བྱ་ཆེད་རེད།