འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་28ཉིན།

༄༅།།ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་དུ་ལོར་ལྟ་སྐོར་བ་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། “ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་གྱི་དྲན་གསོ་ཁང་དུ་ཕེབས་པར་དགའ་བསུ་ཞུ། ཁྱེད་ནི་འདི་ལོར་ལྟ་སྐོར་དུ་ཕེབས་མཁན་ཨང་ས་ཡ་བ་དེ་རེད”ཚེས་25ཉིན་གྱི་ཞོགས་པའི་ཆུ་ཚོད་9དང་སྐར་མ་30ཡི་ཡས་མས་སུ། ཧོ་ནན་ཀྲེང་ཀྲོའུ་ཡི་ལིའུ་ཁའེ་དྲན་གསོ་ཁང་དུ་སླེབས་འཕྲལ་སྐད་ཆ་འདི་ཐོས་པ་རེད། ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་གྱི་དྲན་གསོ་ཁང་གི་ཀོན་ཀྲང་གཞོན་པ་ཞུས་མིང་གིས་ལིའུ་ཁའེ་ལ། འདི་ནི་དྲན་གསོ་ཁང་བཙུགས་ནས་ལོ་66སོང་རིང་ལོ་འཁོར་གཅིག་གི་ལྟ་སྐོར་བའི་གྲངས་འབོར་ཐོག་མར་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བ་ཞིག་རེད་ཅེས་བརྗོད།
       ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་གྱི་དྲན་གསོ་ཁང་ནི་1952ལོར་བཙུགས་ཤིང་། ལོ་རྒྱུས་ཐོག་ལྟ་སྐོར་བྱེད་པའི་མཐོ་རླབས་ཐེངས་མང་འཕྱུར་མྱོང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་ལ་ལྟ་སྐོར་བྱེད་མཁན་སྔར་བས་མང་པོ་ཕྱིན་ཡོད། འདི་ལོའི་ཟླ་དྲུག་པར། དྲན་གསོ་ཁང་གི་ཉིན་རེའི་ལྟ་སྐོར་བ་མི་ཐེངས་ཁྲི་1ལས་བརྒལ་བ་དང་། འདི་ལོར་ཟླ་བ་བརྒྱད་མ་ཟིན་རིང་དྲན་གསོ་ཁང་གིས་འདི་ལོའི་ལྟ་སྐོར་བ་ཨང་ས་ཡ་བ་དེ་བསུས་ཤིང་། དེ་དག་ལས་ཚོགས་པ་ཁག་ཐེངས་6300ལྷག་ཡོད་པ་དང་། སྤྱིའི་སྣེ་ལེན་ཞུས་ཚད་ལོ་གོང་མ་ལས་ལྡབ་1.5འཕར་ཡོད་པ་རེད།