འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་27ཉིན།

༄༅།།གཟི་ཚྭ་སྡེ་དགུའི་བསྐྱར་སྐྲུན་ཁྲོད“སྤྱོད་གཙང་ཕྲ་ཕུང”འདུ་འགོད་སྤེལ་ནས་གྲོང་མིར་ལྟ་
སྐུལ་དབང་ཆ་སྤྲད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་27ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ‘སྤྱོད་གཙང་ཕྲ་ཕུང’ལས་གྲོང་མིར་ལྟ་སྐུལ་དབང་ཆ་ཐོབ་པས་བསྐྱར་སྐྲུན་གྱི་ཁ་གསབ་ཁག་དུས་ཐོག་དང་འདང་ངེས་བཞིན་གཱ་ནང་བསྐུར་གྱི་ཡོད”ལོ་ན་69ཡིན་པའི་སངས་གོ་ལོ་དང་བུ་མོ་རྣམ་རྒྱལ་འཚོས་སྡོད་ཁང་གསར་པ་བསྐྱར་སྐྲུན་ལ་འབད་བཞིན་ཡོད་པ་རེད། ལོ་གཅིག་གོང་གི་གཟི་ཚྭ་སྡེ་དགུའི་ས་ཡོམ་ཁྲོད་སངས་གོ་ལོའི་ཁང་ཁྱིམ་ལོ་མང་རིང་ཉམས་གསོ་མ་བྱུང་བའི་རྐྱེན་གྱིས་ཧ་ལམ་ཡོངས་སུ་རྡིབ་ཡོད།
      གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་རིང་སྤུས་ཚད་དང་། བདེ་འཇགས། སྤྱོད་གཙང་། བརྟན་པོ། གྲོན་ཆུང་བཅས“མཐའ་ཚད་ལྔ”བརྟན་སྲུང་བྱ་ཆེད། ད་ལོའི་ཟླ་དང་པོར་གཟི་ཚྭ་སྡེ་དགུ་རྫོང་གིས“སྤྱོད་གཙང་ཕྲ་ཕུང”འདུ་འགོད་ལག་བསྟར་བྱས་པ་དང་། སྡེ་ཚན་ནས་གྲོང་ཚོ (སྡེ་ཁུལ)དང་། འགོ་ཁྲིད་ལས་བྱེད་པ་ནས་འགག་རྩའི་ལས་གནས། རྣམ་གྲངས་ནས་ཁེ་ལས་དབར་འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པའི “སྤྱོད་གཙང་ཕྲ་ཕུང”གི་མ་ལག་འཛུགས་སྐྱོང་བྱས་ཏེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྤྱོད་གཙང་ཚད་གཞི་མཐོ་རུ་བཏང་ཡོད་པ་རེད།
      ཉལ་སྟན་གྲོང་ཚོ་ནི་གཙང་རྩ་གྲོང་རྡལ་གྱི་གྲོང་ཚོ་དབུལ་པོ་འབའ་ཞིག་དེ་ཡིན་ལ་གཟི་ཚྭ་སྡེ་དགུ་མཛེས་ལྗོངས་ཁུལ་དང་སྤྱི་ལེ་2.4ཆོད་པའི་རི་གྲོང་དུ་གནས་པའི་རྐྱེན་གྱིས་གྲོང་ཚོ་དེ་ཉིད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་ཕྱུག་པོར་འགྱུར་མེད་ཁར་གྲོང་ཚོའི་ནང་གི་ཁང་པ་39ནི་བོད་བཟོའི་ཁང་པ་རྙིང་པ་ཤ་སྟག་རེད། གྲོང་མི་ཕལ་ཆེ་བའི་ཡོང་འབབ་གཙོ་བོ་ནི་གཙང་རྩ་གྲོང་རྡལ་གྱི་མགྲོན་ཁང་དང་ཟ་ཁང་ལ་གླ་པ་རྒྱུག་ནས་ཡོང་གི་ཡོད།
     2017ལོའི་ཟླ་8ཚེས་8ཉིན་གཟི་ཚྭ་སྡེ་དགུར་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། དབུལ་སྒྲོལ་ཞྭ་མོ་ཕུད་ནས་ལོ་གཅིག་ཙམ་ཡང་སོང་མེད་པའི་ཉལ་སྟན་གྲོང་ཚོར་ས་ཡོམ་གྱི་གནོད་འཚེ་ཕོག་པ་མ་ཟད། གྲོང་མིའི་ཁང་པ་ཡོངས་ལ་གནོད་འཚེ་ཕོག་པའི་ནང་སངས་གོ་ལོ་ཚུད་པའི་དུད་ཚང་གསུམ་གྱི་གྲོང་མིས་ཁང་པ་བསྐྱར་སྐྲུན་བྱེད་དགོས་ཐུག་ཡོད། སངས་གོ་ལོ་ནི་ཉལ་སྟན་གྲོང་ཚོའི་ཏང་ཡོན་རྒན་གྲས་ཡིན་པ་དང་ནམ་རྒྱུན་གྲོང་ཚོའི་ནང་གཅིག་པུར་སྡོད་ཀྱི་ཡོད། འོན་ཀྱང་ས་ཡོམ་བརྒྱབ་རྗེས་ཁང་པར་གནོད་འཚེ་ཆེན་པོ་ཕོག་པས་ཁོང་བུ་མོ་རྣམ་རྒྱལ་འཚོའི་སར་སྤོས་པ་རེད།
     གེགས་རྗེས་བསྐྱར་སྐྲུན་བྱེད་སྐབས་རྣམ་རྒྱལ་འཚོས་ཨར་རྒྱག་རུ་ཁག་བཙལ་བ་དང་སངས་གོ་ལོས་ཁང་པ་ཐོག་མར་བསྐྱར་སྐྲུན་བྱས་པ་རེད། “གྲོང་ཚོའི་ནང་ཁྱིམ་གཞིས་བསྐྱར་སྐྲུན་བྱ་་
རྒྱུའི་འབོད་སྐུལ་བྱས་པར་བརྟེན། ང་ནི་ཏང་ཡོན་ཡིན་པས་སྔོན་ལ་མིག་དཔེ་སྟོན་དགོས”ཞེས་བརྗོད། འབྲེལ་ཡོད་ཀྱི་གཏན་འབེབས་ལྟར། གྲོང་མིས་རང་འགུལ་ངང་གནོད་འཚེ་ཕོག་པའི་ཁང་པ་བསྐྱར་སྐྲུན་བྱས་པ་དང་དུད་ཚང་རེར་སྲིད་གཞུང་གི་བསྐྱར་སྐྲུན་ཁ་གསབ་སྒོར་ཁྲི་3.5ནས་སྒོར་ཁྲི་6བར་དང་འཚོ་བའི་ཁ་གསབ་སྒོར་5000རག་གི་ཡོད། ཡུལ་དེ་གས་བསྐྱར་སྐྲུན་ཁ་གསབ་ཀྱི་མ་དངུལ་ནས་ས་ཆ་ཁག་བགོས་ཀྱི་གཞི་རྟེན་ཐིག་ཚད་དབར་ལྟ་སྡོམ་བྱེད་འགོ་བཙུགས་པར་བརྟེན་ཁ་གསབ་ཚང་མ་དུད་ཁྱིམ་རེའི་གྲོང་མིའི་ལག་ཏུ་སྤྲོད་ཐུབ་པ་བྱུང་ཡོད།
      ཉལ་སྟན་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧྲ་སུང་གིས་གཙང་རྩ་གྲོང་རྡལ་གྱི་འཆར་འགོད་ཞབས་ཞུ་བྱ་ཡུལ་གྲོང་སྡོད་འཛུགས་སྐྲུན་ལས་དོན་པས་ལྷུ་ཚིགས་ཚང་མར་ལྟ་སྐུལ་བྱས་ནས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་རྗེས་བསྐྱར་འཛུགས་ཁ་གསབ་གཱ་ནང་བླུགས་ཀྱི་ཡོད།“རྩིག་རྨང་ཡག་པོ་བཏིང་རྗེས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་ཁ་གསབ་ཁག་གཅིག་སྤྲོད་ཀྱི་ཡོད”ཅེས་རྣམ་རྒྱལ་འཚོ་ཡིས་བརྗོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། གཟི་ཚྭ་སྡེ་དགུའི་གེགས་རྗེས་བསྐྱར་སྐྲུན་སླར་གསོ་བྱེད་རིང་དུད་ཚང་17640ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་ཉམས་གསོ་བྱེད་དགོས་པ་དང་། དུད་ཚང་104ཡི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་བྱེད་དགོས་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་114ཟིན་རྒྱུ་རེད།“གཟི་ཚྭ་སྡེ་དགུ་རྫོང་གིས་གེགས་རྗེས་སླར་གསོ་
བསྐྱར་སྐྲུན་གྱི་གཙོ་གནད་སྡེ་ཚན་དང་རིམ་ཁག་ལས་བྱེད་པར་སྲིད་གཙང་དྲན་སྐུལ་གྱི་གླེང་མོལ་དང་ཉེན་ཟོན་སློབ་གསོ་བཏང་བ་མ་ཟད། རིམ་པ་བཞིན་སྤྱོད་གཙང་གི་ཁས་ལེན་ཡི་གེ་བཞག་པ་དང་ཏང་སྲོལ་སྲིད་གཙང་དམིགས་ཚད་ཀྱི་དཔྱད་ཞིབ་ནང་བཅུག་སྟེ་ལས་བྱེད་པའི་སྤྱོད་གཙང་འགོག་སྲུང་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད”ཅེས་གཟི་ཚྭ་སྡེ་དགུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།
      རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ཟླ་བདུན་པ་བར་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གཟི་ཚྭ་སྡེ་དགུའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་ལ་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྒྲུབ་མི་གཉིས་ལ་བསླབ་འདོམས་སྐུལ་ལྕག་གི་གླེང་མོལ་བྱས་པ་དང་། མི་བརྒྱད་ལ་གླེང་མོལ་དྲན་སྐུལ་བྱས་པ། མི་གཅིག་ལ་ཉེན་ཟོན་སྐོང་འདྲི་བྱས་པ། དོ་བདག་ཚན་པའི་གཙོ་འགན་འཁུར་མཁན་བཞི་ལ་རྣམ་གྲངས་ལ་སྐུལ་འདེད་གཏོང་འགོར་བའི་རྐྱེན་གྱིས་བརྡ་ཁྱབ་བཏང་བ། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ཨར་ལས་ཚན་པ་དང་རྣམ་གྲངས་སྤྱི་གཉེར་བར་སྲིད་འཛིན་དངུལ་ཆད་སྒོར་ཁྲི་31.8བཏང་བ་བཅས་ངོ་སྤྲོད་བྱས་པ་རེད།