མི་དམངས་དྲ་བ།

༄༅།།“བདེན་དོན་གྱི་སྟོབས་ཤུགས ——མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་
དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”པེ་ཅིང་དུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་07ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་གྱི་སྔ་དྲོར། “བདེན་དོན་གྱི་སྟོབས་ཤུགས——མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་འགོ་འཛུགས་མཛད་སྒོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་འགོ་འཛུགས་མཛད་སྒོར་ཕེབས་པ་རེད།
             “བདེན་དོན་གྱི་སྟོབས་ཤུགས——མར་ཁེ་སི་སྐུ་འཁྲུངས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”དེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་རྩོམ་སྒྱུར་ཅུས་དང་། ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་སྒྲུབ་འགན་ཁུར་བ་ཞིག་རེད།
         འགྲེམས་སྟོན་དེ“རླབས་ཆེན་གྱི་གསར་བརྗེའི་སློབ་དཔོན་མར་ཁེ་སིའི་བརྗིད་ཉམས་ཆེ་བའི་སྐུ་ཚེ”དང་། “མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ” “གསར་གཏོད་བྱས་པའི་མར་ཁེ་སིའི་རིང་ལུགས་ཀྱི་བརྗོད་བྱའི་མཛེས་རྩལ་བརྩམས་ཆོས”བཅས་ཁག་3ལ་དབྱེ་ནས་མར་ཁེ་སི་དང་། ཨེན་ཀེ་སི། ལི་ཉིང་བཅས་ཀྱི་ཕྱག་བྲིས་དང་། ཟིན་བྲིས་དེབ་དང་དེ་བཞིན་མཚན་བཀོད་པའི་དཔེ་དེབ་ཀྱི་ཐོག་མའི་པར་གཞི་སོགས་རྩ་ཆེའི་ཚད་ལྡན་ཡིག་ཆ་100ལྷག་ཙམ་དང་། ཐོག་མའི་པར་གཞིའི་དཔེ་དེབ་རིགས་900ལྷག་ཙམ། པར་རིས་150ལྷག་ཙམ། མར་ཁེ་སི་རིང་ལུགས་ཀྱི་བརྗོད་བྱའི་མཛེས་རྩལ་བརྩམས་ཆོས་70ལྷག་ཙམ། འཇིམ་བརྙན་བརྩམས་ཆོས་6སོགས་འགྲེམས་སྟོན་བྱས་ཏེ་ཡུལ་ལྗོངས་ཧྲིལ་པོ་མཐོང་བའི་རྣམ་པའི་ཐོག་ནས་མར་ཁེ་སིའི་སྐུ་ཚེ་ཧྲིལ་པོ་དང་། གསར་བརྗེའི་ལག་ལེན། རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་དང་བསམ་བློའི་འཁྱེར་སོ་བཅས་འགྲེམས་སྟོན་བྱས་ནས་མར་ཁེ་སིའི་རིང་ལུགས་ཀྲུང་གོར་བརྒྱུད་སྤེལ་དང་བཀོལ་སྤྱོད་དང་ཕུན་སུམ་ཚོགས་པའི་ངང་འཕེལ་རྒྱས་ཕྱིན་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་ཚད་མཚོན་པར་བྱས་ཡོད།