མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་ཐོག་ཐུགས་ཁུར་བྱས་ནས་བཀའ་འདྲི་གནང་བའི"དོན་
དག་ཆུང་ཆུང"བཅུ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་16ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་ཐོག་ཐུགས་ཁུར་བྱས་ནས་བཀའ་འདྲི་གནང་བའི'དོན་
དག་ཆུང་ཆུང'བཅུ།

         སྒྲིག་པ་པོའི་གཏམ། "མང་ཚོགས་ལ་མཚོན་ན། ཉེ་འཁོར་གྱི་དོན་དག་ཆུང་ཆུང་གང་ཞིག་ཀྱང་། དངོས་གནས་ཀྱི་དོན་ཆེན་ཞིག་ཡིན་ལ། སྐབས་རེ་ལ་དེ་དག་ནི་འཕྲལ་གནས་ཀྱི་དོན་དག་དང་དཀའ་ཁག་ཆེ་བའི་དོན་དག་ཡིན་པ་རེད། གལ་སྲིད"དོན་དག་ཆུང་ཆུང"འདི་དག་དུས་ཐོག་ཏུ་ཐག་གཅོད་བྱེད་མ་ཐུབ་ན། ཁོང་ཚོའི་ནམ་རྒྱུན་གྱི་སེམས་པ་དང་ཐོན་སྐྱེན་ལ་ཡང་ཤུགས་རྐྱེན་ཐེབས་པ་རེད།"
        ལོ་མང་པོ་ཞིག་གི་སྔོན་དུ། ཀྲེ་ཅིང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཡི་འགན་ཁུར་བའི་ཞི་ཅིན་ཕིང་གིས"ཀྲི་ཅང་ཤིས་ཚིག"ཅེས་པར་གོང་གི་སྐད་ཆ་དེ་བྲིས་ཡོད་པ་རེད། མི་དམངས་ཀྱི་དབུ་ཁྲིད་ཀྱིས་ནམ་ཡང་མི་བརྗེད་པ་ནི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ལྡན་པའི"དོན་དག་ཆུང་ཆུང"འདི་དག་ཡིན་པ་རེད།
       "ད་སྐབས། མི་རེའི་ཆ་སྙོམས་ཡོང་འབབ་ག་ཚོད་འདུག་གམ།" "ན་ནིང་། མི་ག་ཚོད་ཀྱིས་ཆུང་མ་བླངས་སོང་ངམ།" "ཁྱེད་ཀྱི་དེ་ནས་ཡུལ་སྐོར་བ་ཚོ་གྲོང་གསེབ་ནས་ཞག་སྡོད་བྱེད་དམ།" ལོ་རེའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས་དུས་ཀྱི་འཚམས་འདྲི་རེ་ནི་ཁོང་གིས"ཁབ་སྐུད་ཙམ་ལ་སེམས་ཁུར"བྱེད་པའི་གསལ་འགྲེལ་ཆེས་མཛེས་པ་དེ་ཡིན་པ་རེད།
      2018ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས། མི་དམངས་དྲ་བ་ཡིས"ཚོགས་ཆེན་གཉིས་སུ་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་མྱོང་བའི'དོན་དག་ཆུང་ཆུང'བཅུ"ཞེས་པའི་དམིགས་བསལ་གསར་འགྱུར་རབ་དང་རིམ་པ་སྤེལ་ཏེ་ས་གནས་ཀྱི་འགྱུར་ལྡོག་གསར་པ་དང་མང་ཚོགས་ཀྱི་ཐོབ་སེམས་བརྗོད་པའི་མཉམ་དུ། མི་དམངས་ཀྱི་དབུ་ཁྲིད་ཀྱི་དམངས་ལ་བརྩེ་བས་གཟིགས་པ་ཡང་མངོན་ཡོད་པ་རེད།
       སྤྱི་ཁྱབ་ཧྲུའུ་ཅི་ཡིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ལས་ཞུགས་ཀྱི་ཐོག་ནས་མཐོང་ཆེན་བྱས་ཡོད་པ་མཚོན་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཡི་གེ་ནས"དྲ་འཇུག་བྱ་ཐུབ་མིན"གྱི་ལྟ་བུའི"དོན་དག་ཆུང་ཆུང"ཕྱོགས་ནས་ཀྱང་ཁོང་གི་སེམས་སུ་བཟུང་ཡོད་པ་རེད།
      འཚམས་འདྲི་གཟིགས་ཞིབ་དེ་ཡི་ཁྲོད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཆེན་པོའི་ངང"མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ་ཚང་མར་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ཡོད་དམ།" "ཡི་གེ་ཡོད་པའི་གྲངས་ཉུང་མི་རིགས་ཚང་མར་ཡོད་དམ།" "རང་སྐྱོང་ལྗོངས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཁག་ལ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་ཡོད་དམ།"
        ཏང་དང་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཐོན་ཁུངས་དང་བྱ་ཐབས་གཙོ་བོར་གྱུར་ཡོད་པའི"དྲ་ཐོག་གི་མི་དམངས་ཉིན་རེའི་ཚགས་པར"ལ། ད་ལྟ། རྒྱ་ཡིག་པར་གཞི་ཡོད་པ་མ་ཟད། མི་དམངས་དྲ་བར་ད་དུང་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེའི་པར་གཞི་དང་རྒྱལ་ཁབ་གཞན་པའི་ཡིག་རིགས་9ཡི་པར་གཞི་ཡང་ཡོད།