འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་13ཉིན།

༄༅།།འདི་གཉིས་ཀར་དམག་འཁྲུག་གི་ཉེས་འགན་ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་13ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་12ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒེར་ཚུགས་བརྟག་དཔྱད་ཨུ་ལྷན་ཞིག་གིས་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། 2023ལོའི་ཟླ་10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གདོང་གཏུག་གསར་པ་ཐོན་པ་ནས་བཟུང་། དབྱི་སི་རལ་གྱིས་ཀཱ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བའི་ཁྲོད་དམག་འཁྲུག་གི་ནག་ཉེས་དང་། མིའི་རིགས་ལ་ངོ་རྒོལ་བྱེད་པའི་ནག་ཉེས་བསགས་པར་འགན་འཁུར་དགོས་པ་དང་། གཞན་ཡང་། ཕ་ལེ་སི་ཐན་གྱི་འགོག་རྒོལ་ལས་འགུལ་(ཧ་མ་སི་)སོགས་ཕ་ལེ་སི་ཐན་གྱི་དྲག་ཆས་མང་པོ་ཞིག་གིས་ཀྱང་དམག་འཁྲུག་གི་ནག་ཉེས་སོགས་ཀྱི་ཉེས་འགན་འཁུར་དགོས་ཅེས་འཁོད་ཡོད།  
     སྙན་ཞུའི་ནང་དབྱི་སི་རལ་སྲིད་གཞུང་གིས་འཕྲལ་མར་དམག་མཚམས་འཇོག་རྒྱུ་དང་། ཀཱ་ཧྲ་ས་ཁུལ་སྐོར་མཚམས་འཇོག་རྒྱུ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དབོར་འདྲེན་འགན་ལེན་བཅས་བྱས་ཏེ། མི་སེར་དང་དམངས་སྤྱོད་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུའི་རེ་འབོད་བྱས་པ་རེད། སྙན་ཞུའི་ནང་ད་དུང་ཕ་ལེ་སི་ཐན་སྲིད་གཞུང་དང་ཀཱ་ཧྲ་ས་ཁུལ་དངོས་སུ་དོ་དམ་བྱེད་མཁན་ཕྱོགས་ཀྱིས་དབྱི་སི་རལ་ལ་འཇབ་རྒོལ་འཕྲལ་མར་བྱེད་མཚམས་བཞག་ནས། བཀག་ཉར་བྱས་པའི་མི་སྣ་ཚང་མ་ཆ་རྐྱེན་གང་ཡང་མེད་པར་གློད་འགྲོལ་བཏང་སྟེ། ཁྲིམས་འགལ་བྱེད་སྤྱོད་ལ་བརྟག་དཔྱད་མཐར་ཕྱིན་པ་དང་དྲང་གཞག་གི་སྒོ་ནས་བརྟག་དཔྱད་བྱས་ཏེ་ཉེས་གསོག་བྱེད་སྤྱོད་ལ་འགན་འཁྲི་ཡོད་པའི་མི་དེ་དག་ཁྲིམས་སྦྱོར་བྱེད་དགོས་པའི་རེ་འབོད་བྱས་པ་རེད།