འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་13ཉིན།

༄༅།།ཨུ་རུ་སུས་འདི་རུ་དམག་སྦྱོང་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་13ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་11ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་བྱང་ཕྱོགས་དམག་གྲུ་རུ་ཁག་གིས་ནུབ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་ཞིབ་ཚད་མཐོ་བའི་འཕུར་མདེལ་མཚོན་ཆ་སྤྱད་དེ་དམག་སྦྱོང་བྱས་པ་རེད། བྱང་ཕྱོགས་དམག་གྲུ་རུ་ཁག་གིས་དམག་སྦྱོང་ཁྲོད་“ཁ་ཧྲན་”རྟགས་ཅན་གྱི་འཐབ་ཇུས་ཉིང་རྡུལ་སྒུལ་ཤུགས་ཆུར་འཛུལ་དམག་གྲུ་དང་།“ཀོར་ཧྲི་ཁོ་ཧྥུ་མཚོ་དམག་གི་དམག་སྤྱི་”རྟགས་ཅན་གྱི་སྲུང་སྐྱོབ་དམག་གྲུ་བཏང་བ་དང་། དམག་སྦྱོང་བྱེད་རིང་རྩིས་འཁོར་གྱི་ལད་ཟློས་བྱེད་སྟངས་བརྒྱུད་ཞིབ་ཚད་མཐོ་བའི་འཕུར་མདེལ་མཚོན་ཆ་སྤྱད་དེ་སྤྱི་ལེ་600ཡི་ཕྱི་རོལ་གྱི་མཚོ་ཐོག་དམིགས་ཚད་ལ་ཕར་རྒོལ་གྱི་དམག་སྦྱོང་བྱས་པ་རེད། 
     རྒྱལ་སྲུང་པུའི་གནས་འཕྲིན་ནང་ད་དུང་བསྟན་དོན། “ཀོར་ཧྲི་ཁོ་ཧྥུ་མཚོ་དམག་གི་དམག་སྤྱི་”རྟགས་ཅན་གྱི་སྲུང་སྐྱོབ་དམག་གྲུས་དེའི་གོང་གི་ཉིན་འགའི་ནང་ད་དུང་ནུབ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་མཁའ་ཟོན་དམག་སྦྱོང་བྱས་པ་རེད།