འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་13ཉིན།

༄༅།།ཨ་རིས་མེ་ཤུགས་འཕུར་མདའ་འདི་འཕེན་གཏོང་ཕྱིར་འགྱངས་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་13ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་12ཉིན། ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་སིས་(SpaceX)ཉིན་དེའི་དགོང་མོར་བྱ་ཁྲ་ཨང་9པའི་མེ་ཤུགས་འཕུར་མདའ་འཕེན་གཏོང་ཚོད་ལྟ་བྱ་རྩིས་ཡོད་པ་དེ་ནར་འགྱངས་བྱས་པ་དང་། ཚེས་13ཉིན་སྐབས་འཕྲལ་འཕེན་གཏོང་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད།