༄༅།།ཕུའུ་ཅིང་དང་ལུའུ་ལ་ཡིས་དོན་འདིར་གྲོས་མོལ་བྱས།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་11ཉིན། 14:38】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་10ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་ཁ་པར་ཐོག་ནས་ཕྱོགས་གཉིས་པོས་ཡུག་རེན་གྱི་གནས་བབ་སོགས་ཀྱི་གནད་དོན་ཐད་གྲོས་མོལ་བྱས་པ་རེད།
གླེང་མོལ་བྱེད་རིང་། ཕུའུ་ཅིང་གིས་སུའེ་ཙེར་དུ་འཚོག་ཉེར་ཡོད་པའི་ཡུག་རེན་གནད་དོན་གྱི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་ཨུ་རུ་སུ་ཕྱོགས་ཀྱི་རྩ་དོན་རང་བཞིན་གྱི་ལངས་ཕྱོགས་རྒྱས་བཤད་བྱས་པ་རེད། ལུའུ་ལ་ཡིས་ཡུག་རེན་གྱི་གདོང་གཏུག་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཕྱོགས་གཉིས་པོས་ད་དུང་ཁྱབ་ཁོངས་གཙོ་བོར་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་འདུན་པ་མཚོན་པ་རེད། གཞན་ཡང་། ཨུ་རུ་སུ་དང་པར་ཙིར་གྱིས་འབོ་གསེར་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཁག་སོ་སོར་འགན་འཁུར་གྱིན་ཡོད་པས། དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོས་འབྲེལ་ཡོད་ཕྱོགས་ཀྱི་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།