འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་11ཉིན།

༄༅།།ཙུང་ཐུང་འདིའི་གནམ་གྲུ་གར་སོང་མི་ཤེས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་11ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་10ཉིན་མ་ལ་ཝེ་ཡི་ཙུང་ཐུང་དང་ནང་བློན་གཞུང་དོན་ཁང་གིས་གསལ་བསྒྲགས་སྤེལ་ནས། མ་ལ་ཝེ་ཡི་ཙུང་ཐུང་གཞོན་པ་ཆི་ལི་མཱ་ཉིན་དེར་བསྡད་པའི་རྒྱལ་སྲུང་དམག་གི་གནམ་གྲུ་དང་འབྲེལ་བ་ཆད་པ་དང་། གནམ་གྲུའི་ཐོག་ཆི་ལི་མཱ་ཕུད་ད་དུང་མི་9ཡོད་ཅེས་བཤད། 
     གསལ་བསྒྲགས་ནང་། འབྲེལ་བ་ཆད་པའི་གནམ་གྲུ་དེ་ས་གནས་དེ་གའི་དུས་ཚོད་9དང་སྐར་མ་17ཐོག་རྒྱལ་ས་ལི་ལོང་ཀུའེ་ནས་འཕུར་བ་དང་། ཆུ་ཚོད་10ཙམ་ལ་རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་མུའུ་ཙུའུ་ཙུའུ་གནམ་ཐང་དུ་འབབ་རྩིས་ཡོད་ཅེས་འཁོད་ཡོད། ལམ་བར་དུ་གནམ་གྲུ་ལེ་ཏ་ནས་མེད་པར་གྱུར་པ་དང་། དེའི་རྗེས་སུ་མཁའ་འགྲུལ་སྡེ་ཁག་གིས་གནམ་གྲུ་དང་འབྲེལ་བ་བྱེད་མ་ཐུབ་པ་རེད། 
     མ་ལ་ཝེ་ཡི་ཙུང་ཐུང་ཁྲ་ཁེ་ཝེ་ལཱ་ཡིས་འབྲེལ་ཡོད་སྡེ་ཁག་ལ་འཕྲལ་མར་འཚོལ་སྐྱོབ་བྱ་རྒྱུ་མ་ཟད། གནམ་གྲུའི་གནས་ཡུལ་འཚོལ་དགོས་པའི་བཀའ་བཏང་བ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཆི་ལི་མཱ་ཉིན་དེར་མ་ལ་ཝེ་ཡི་ཁྲིམས་འཛིན་པུའུ་ཀྲང་ཟུར་པ་ཁཱ་སང་པ་ལའི་དུར་འཇུག་མཛད་སྒོར་ཞུགས་རྩིས་ཡོད་པ་རེད།