གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་11ཉིན། 13:58】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་། ས་མཐོར་དམིགས་བསལ་དུ་ཡོད་པའི་ཁྲུང་ཁྲུང་རིགས་ཀྱི་ཁོངས་སུ་གཏོགས། གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2500ནས་5000བར་གྱི་ས་མཐོར་འཚོ་སྡོད་བྱེད་ཀྱི་ཡོད། རྒྱུན་པར་ན་འདམ་དང་། མཚེའུ། ཆུ་འགྲམ་སོགས་འདམ་རའི་ཁོར་ཡུག་ཏུ་འཚོ་བ་སྐྱེལ་གྱི་ཡོད།
ལོ་ལྟར་གྱི་དུས་སྐབས་འདིར་ཁྲུང་ཁྲུང་སྐེ་ནག་ཆ་རེ་རེ་བཞིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་གནས་སྤོ་བྱས་ནས། ཕྱོགས་བཞི་ཆུ་བསྐོར་བའི་འདམ་རའི་རྩྭ་གདན་དུ་སྒོ་ང་རུམ་གྱི་ཡོད། ཁྲུང་ཁྲུང་སྐེ་ནག་ཚང་རེར་རྟག་ཏུ་སྒོ་ང་1ནས་2བར་གཏོང་བ་དང་། སྒོ་ང་རུམ་པའི་དུས་ཡུན་ཉིན་30ཡས་མས་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་བྱ་ཡུལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཁྲུང་ཁྲུང་སྐེ་ནག་འཚོ་གནས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཏེ། ཤན་རྩ་རྫོང་གི་འདམ་རའི་ནང་ཁྲུང་ཁྲུང་སྐེ་ནག་མང་པོ་སྒོ་ང་དང་བྱ་ཕྲུག་གསོ་སྐྱོང་བྱེད་པར་འབྱོར་ཡོད།
【1】
【2】
【3】
【4】
【5】