༄༅།།ཨ་རིའི་གཞུང་ཚབ་ཁང་འདིར་མེ་མདའ་བརྒྱབ་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་06ཉིན། 14:19】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་5ཉིན། ལེ་པ་ནོན་སྐམ་དམག་དམག་སྤྱི་ཁང་གིས་གསལ་བསྒྲགས་སྤེལ་ནས། ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐེའི་བྱང་རྒྱུད་དུ་གནས་པའི་ལེ་པ་ནོན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་ལ་ཉིན་དེའི་སྔ་དྲོ་མེ་མདའ་བརྒྱབ་ཡོད་པ་དང་། འཇབ་རྒོལ་བྱེད་མཁན་ཞིག་བཟུང་ཡོད་ཅེས་བཤད་པ་རེད། ཨ་རིའི་གཞུང་ཚབ་ཆེ་མོ་ཁང་ཕྱོགས་ཀྱིས་ལས་དོན་མི་སྣར་རྨས་སྐྱོན་ཕོག་མི་འདུག་ཅེས་བཤད་པ་རེད།
གསལ་བསྒྲགས་ནང་། འཇབ་རྒོལ་བྱེད་མཁན་དེར་སི་རི་ཡའི་རྒྱལ་ཁོངས་ཡོད་པ་དང་ས་ཁུལ་དེར་བཀོད་སྒྲིག་བྱས་པའི་ལི་པ་ནོན་དམག་གི་དམག་མིས་ཕར་རྒོལ་བྱེད་རིང་ཁོང་ལ་རྨས་སྐྱོན་ཕོག་ལུགས་འཁོད་ཡོད་པ་རེད། ད་ཆ་འཇབ་རྒོལ་བྱེད་མཁན་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་དང་ལི་པ་ནོན་དམག་གིས་གཞུང་ཚབ་ཁང་གི་ཉེ་འགྲམ་དུ་འཚོལ་ཞིབ་བྱས་ནས་དྲག་ཆས་མི་སྣ་གཞན་དག་འཇབ་རྒོལ་ནང་ཞུགས་མིན་རྩད་གཅོད་བྱས་པ་རེད།
ད་ལྟའི་བར་དུ། རྩ་འཛུགས་གང་ཞིག་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་གྱི་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱེད་མཁན་མ་བྱུང་བ་རེད།