༄༅།།ཕུའུ་ཅིང་གིས་ལས་གནས་གསར་པར་བསྐོ་གཞག་བྱས་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་06ཉིན། 14:18】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨུ་རུ་སུའི་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཧྲའོ་དབྱི་ཀུའུ་དམག་དོན་བཟོ་ལས་མཉམ་འབྲེལ་སྒྲིག་གཞིའི་འཕེལ་རྒྱས་ལས་དོན་མཐུན་སྦྱོར་པར་བསྐོ་གཞག་བྱས་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཕུའུ་ཅིང་གིས་སྲིད་གཞུང་གི་ཁོངས་མིའི་ཚོགས་འདུ་འཚོགས་པའི་ཐོག་“གནད་དོན་སྣ་ཚོགས་ཡོད་པས་ཐོན་སྐྱེད་ཀྱི་ཁེ་སྤོགས་རང་བཞིན་ལ་བསམ་གཞིག་བྱས་ནས་རྒྱལ་སྲུང་པུའུ་ལ་དམག་ཆས་འཚམ་པོར་འབྱོར་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ང་ཚོར་རང་ཚུགས་ཀྱི་མཐུན་སྦྱོར་པ་ཞིག་གིས་ལས་དོན་དེ་དག་སྤེལ་དགོས་གལ་ཆེ་བས། བདེ་འཇགས་ཚོགས་འདུའི་དྲུང་ཡིག་(ཧྲའོ་དབྱི་ཀུའུ་)གིས་མཐུན་སྦྱོར་པ་དེའི་འགན་འཁུར་རྒྱུ་རེད་”ཅེས་བཤད་པ་དང་།
ཕུའུ་ཅིང་གིས། དམག་དོན་བཟོ་ལས་མཉམ་འབྲེལ་སྒྲིག་གཞིའི་ཁྱབ་ཁོངས་ཀྱི་མཛུབ་སྟོན་འཆར་ཟིན་བཟོ་བའི་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱེད་དགོས་པ་དེ་ནི་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་སྔོན་ལ་སྒྲུབ་དགོས་པའི་བྱ་བ་དང་དགོས་མཁོ་ཆེ་ཤོས་ཀྱི་དམག་དོན་བཟོ་ལས་ཐོན་རྫས་ཀྱི་ཐོན་ཚད་དང་ཁེ་སྤོགས་ཀྱི་ཚད་དང་འབྲེལ་བ་ཡོད་ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ཧྲའོ་དབྱི་ཀུའུ་ཡིས་2012ལོ་ནས་བཟུང་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་གྱི་ཡོད། 2024ལོའི་ཟླ་5ཚེས་12ཉིན་ཧྲའོ་དབྱི་ཀུའུ་ཡིས་བདེ་འཇགས་ཚོགས་འདུའི་དྲུང་ཡིག་གི་འགན་འཁུར་འགོ་ཚུགས་པ་དང་། རྒྱལ་སྲུང་པུའུ་ཀྲང་གི་གོ་གནས་པེ་ལུའོ་ཝུའུ་སུའོ་ཕུའུ་ཡིས་འཁུར་རྒྱུ་རེད།
