འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་6ཉིན།

༄༅།།མཚོ་སྔོན་གྱི་མཐོ་སློབ་གསུམ་དུ་མི་དམངས་དྲག་ཆས་པུའུ་བཙུགས་པ་དང་འབྲེལ“མཐོ་སློབ་ཏུ་དམག་
བསྡུའི་དྲིལ་བསྒྲགས”བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་06ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་བཅས་མཐོ་སློབ་གསུམ་དུ་མི་དམངས་དྲག་ཆས་པུའུ་བཙུགས་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་འཚོགས་པ་དང་འབྲེལ་ཟི་ལིང་གྲོང་ཁྱེར་གྱི“མཐོ་སློབ་ཏུ་དམག་བསྡུའི་དྲིལ་བསྒྲགས”བྱེད་སྒོ་ཡང་སྤེལ་འགོ་ཚུགས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་སློབ་ཆེན་གསུམ་གྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་བྱ་སྤྱོད་དངོས་སུ་འགྱུར་ཏེ་སློབ་མའི་དམག་སྦྱོང་དང་། རྒྱལ་སྲུང་སློབ་གསོ། དམག་མི་བསྡུ་བ། གཉིས་བཀུར་མཉམ་སྐྲུན་སོགས་ཀྱི་ཐད་ནས་དུས་སྐབས་གསར་པའི་རྒྱལ་སྲུང་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བས་སྤྱི་ཚོགས་སུ་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད།
   འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཧྲི་ཧོ་ཡིས་སློབ་ཆེན་དྲག་ཆས་པུའུ་ཡིས་གསོན་ཉམས་ལྡན་པའི་རྒྱལ་སྲུང་སློབ་གསོར་བརྟེན་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལམ་ལུགས་ནན་པོ་དོན་འཁྱོལ་བྱས་ནས་དྲག་ཆས་པུའུ་ཡིས་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། གཏིང་ཟབ་པའི་དམག་བསྡུའི་དྲིལ་བསྒྲགས་ལ་བརྟེན་ནས་སློབ་མ་དེ་བས་མང་བ་དམག་དཔུང་ནང་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུར་སྐུལ་ལྕག་གཏོང་གི་ཡིན་ཞེས་བཤད་པ་རེད།