འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་13ཉིན།

༄༅།།མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་དངོས་རྩ་ཆེན་གྱི་ཁ་གྲངས་ཇེ་མང་དུ་གྱུར། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་04ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་དངོས་རྩ་ཆེན་གྱི་ཁ་གྲངས་ཇེ་མང་དུ་གྱུར།
   ཚེས་4ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》(བསྡུས་མིང་ལ་《སྤྱི་བསྒྲགས》ཞེས་བརྗོད་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། 《སྤྱི་བསྒྲགས》ལས་མངོན་པར། མཚོ་སྔོན་པོའི་འབབ་རྒྱུད་དུ་སྟོངས་ཉེར་ཡོད་པའི་དངོས་རིགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་འགྲོ་བཞིན་ཡོད་པ་རེད། 
   མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་ཀྲུང་གོའི་མཚེའུ་ཆེ་ཤོས་ཡིན། མཚོ་སྔོན་པོའི་འབབ་རྒྱུད་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་དང་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི་ཁོར་ཡུག་ཆེན་པོའི་སྣོད་བཅུད་དོ་སྙོམས་སྲུང་སྐྱོང་བྱེད་པའི་ཆུ་གཟུགས་གལ་ཆེན་ཞིག་རེད།