འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་3ཉིན།

༄༅།།མཚོ་སྔོན་གྱིས་ཆུ་གྲོན་ཆུང་གི་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་03ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་ལ་ཤུགས་སྣོན་གྱིས་ཞིང་ཆུ་གྲོན་ཆུང་གི་ཕན་འབྲས་ཆེ་རུ་གཏོང་བ་དང་། བཟོ་ལས་ཀྱི་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གྲོན་ཆུང་དང་འཕྲོ་བརླག་གཏོང་ཉུང་བ་བཅས་ལ་གཞི་གཅིག་ཅན་གྱིས་སྐུལ་འདེད་བཏང་སྟེ། ཚུལ་མིན་གྱི་ཆུ་སྤྱོད་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཆུ་སྤྱོད་སྟངས་དེ་རགས་ལས་དང་ཕན་འབྲས་དམའ་བ་ནས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ལོ་10ཡི་ནང་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.2གྲོན་ཆུང་ཐུབ་ཡོད།
   བསྡོམས་རྩིས་ལ་གཞིགས་ན། མཚོ་སྔོན་དབན་ཡོན་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་114ནས་སྨི་རྒྱ་དཔངས་གྲུ་བཞི་63བར་ཆག་པ་དང་ཞིང་ཆུ་འདྲེན་པའི་ཕན་འབྲས་བཏགས་གྲངས་0.470ནས་0.509བར་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་གྱི་སྤྱི་པའི་མདོང་དྲ་ནས་ཆུ་ཟགས་ཚད་15%ནས་8.69%མན་བར་ཆག་པ། རྒྱུན་གཏན་མིན་པའི་ཆུ་ཁུངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་0.13ནས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.01བར་འཕར་བས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཆབས་ཅིག ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་སྤྱི་པའི་སྒྲིག་གཞི་1705དང་། ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་ཁུལ་ཆུང་455 ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་46བཅས་བསྐྲུན་ཡོད་པ་རེད།