འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་30ཉིན།

༄༅།།ཧེ་ལུང་ཅང་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཁང་མ་རྫོང་གི་སྐྱ་འགྲིབ་ནད་པ་ལ་བརྟག་དཔྱད་
དང་སྐྱོབ་བཅོས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་30ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། ཁང་དམར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁང་དམར་རྫོང་ལྟེ་གནས་སྨན་ཁང་གི་གདན་ཞུ་དང་མཐུན་སྦྱོར་འོག ཧེ་ལུང་ཅང་ཞིང་ཆེན་མིག་ནད་ཚན་ཁག་སྨན་ཁང་གི“གངས་ལྗོངས་འོད་ཟེར་ལམ་འགྲུལ”བོད་སྐྱོར་སྨན་བཅོས་རུ་ཁག་ཁང་དམར་རྫོང་དུ་བསྐྱོད་དེ། སྐྱ་འགྲིབ་བརྟག་དཔྱད་དང་སྐྱོབ་བཅོས་བྱེད་སྒོ་སྤེལ་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན།“གངས་ལྗོངས་འོད་ཟེར་ལམ་འགྲུལ”གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་མིག་ཤེད་ལ་གནད་དོན་ཡོད་པའི་ནད་པར་བརྟག་དཔྱད་བྱས་པ་དང་ཆ་རྐྱེན་དང་མཐུན་པའི་ནད་པར་སྐྱ་འགྲིབ་གཤགས་བཅོས་དང་། ཤ་མཆུ་གཤགས་བཅོས་དང་ནང་སློག་གཤགས་བཅོས་བྱས་པ་མ་ཟད། ད་དུང་སྨན་རྫས་རིན་མི་དགོས་པར་སྤྲད་དེ་མིག་གི་ནད་རིགས་སྔོན་འགོག་དང་སྨན་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་འགྲེལ་བཤད་བརྒྱབ་ཡོད་པ་རེད། དུས་ཡུན་ཉིན་གསུམ་གྱི་བྱེད་སྒོའི་ནང་སྨན་བཅོས་རུ་ཁག་གིས་མི་151ལ་རིན་མི་དགོས་པར་བརྟག་དཔྱད་བྱས་པ་དང་། སྐྱ་འགྲིབ་གཤགས་བཅོས་མི་26དང་། ཤ་མཆུ་གཤགས་བཅོས་3ནང་སློག་གཤགས་བཅོས་2བཅས་བྱས་ནས་ནད་པར་རིན་མི་དགོས་པར་སྨན་རྫས་རིགས་31སྤྲད་པ་རེད།
   ཁང་དམར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བས་གོམ་སྟབས་རྗེས་མར་བོད་སྐྱོར་སྟོབས་ཤུགས་མུ་མཐུད་ཡག་པོ་སྤྱད་དེ་མང་ཚོགས་ཀྱི་བདེ་ཐང་གི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ནུས་ཤུགས་གཅིག་སྒྲིལ་གྱིས་ཐག་གཅོད་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།