འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།ཨ་རིའི་དམག་སྤྱོད་གནམ་གྲུ་ཞིག་སར་ལྷུངས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན། ཨ་རིའི་དམག་སྤྱོད་གནམ་གྲུ་ཞིག་མོ་ཞི་ཁོ་མངའ་སྡེ་གསར་པའི་ཨའར་པོ་ཁེ་ཅི་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་དུ་ལྷུངས་ནས་དུ་བ་ཐོན་པ་དང་། འཕུར་སྐྱོད་པར་རྨས་སྐྱོན་བྱུང་ཡོད་པ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་མེ་ཟོན་སྡེ་ཁག་གིས་གནམ་གྲུའི་ཐོག་གི་འཕུར་སྐྱོད་པ་གཅིག་པུ་དེ་དོན་རྐྱེན་ཁྲོད་སྲོག་ཉེན་ལས་ཐར་ཐུབ་པ་དང་། རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པས་སྨན་ཁང་དུ་བསྐྱལ་བ་རེད་ཅེས་བཤད་པ་རེད། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་གནམ་གྲུའི་བཟོ་དབྱིབས་ཞིབ་ཕྲ་ཕྱིར་བསྒྲགས་བྱས་མེད་པ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། འདི་ནི་མོ་ཞི་ཁོ་མངའ་སྡེ་གསར་པར་འདས་ཟིན་པའི་ཟླ་བ་གཅིག་གི་ནང་ཐོན་པའི་དམག་སྤྱོད་གནམ་གྲུ་ལྷུངས་བའི་དོན་རྐྱེན་ཐེངས་གཉིས་པ་དེ་རེད།