འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།ཡུག་རེན་གྱི་ཙུང་ཐུང་གསར་པ་མ་ཐོན་པར་དུ་འགན་འཁུར་རྒྱུའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་28ཉིན། ཡུག་རེན་གྱི་ཆེས་མཐོའི་ལཱ་ཏའི་(གྲོས་ཚོགས་)ཀྲུའུ་ཞི་སི་ཐེ་ཧྥན་ཆིའུ་ཁེ་ཡིས་གཞུང་ཕྱོགས་ཀྱི་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་ཐོག ཡུག་རེན་གྱི་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་། ཡུག་རེན་གྱིས་གསར་དུ་བདམས་པའི་ཙུང་ཐུང་གིས་འགན་མ་འཁུར་བར་དུ་ད་ལྟའི་ཡུག་རེན་གྱི་ཙུང་ཐུང་གིས་དབང་ཆ་མུ་མཐུད་སྤྱོད་རྒྱུ་རེད་ཅེས་འཁོད་ཡོད་པ་རེད། ཁོང་གིས་དམག་འཁྲུག་སྐབས་ཀྱི་རྣམ་པ་མཇུག་བསྒྲིལ་ནས་ཙུང་ཐུང་གསར་དུ་བསྐོ་གཞག་མ་བྱས་བར་དུ། ཙེ་ལན་སི་ཅི་ཡིས་ཡུག་རེན་གྱི་ཙུང་ཐུང་གི་འགན་འཁུར་རྒྱུ་རེད་ཅེས་བཤད།