འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།བྷེ་ཨུ་རུ་སུའི་ཙུང་ཐུང་གིས་འདིར་མིང་རྟཊ་བཀོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་29ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཐ་སི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། བྷེ་ཨུ་རུ་སུའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དྲ་ཚིགས་ཐོག་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་29ཉིན་ཡོངས་བསྒྲགས་བྱས་པའི་ནང་དོན་ལས་མངོན་པར་གཞིགས་ན། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས་《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་》མཚམས་འཇོག་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་ལ་མིང་རྟགས་བཀོད་པ་རེད། 
     གནས་འཕྲིན་སྤེལ་བར་གཞིགས་ན། ལུའུ་ཁ་ཧྲེན་ཁོའོ་ཡིས་དེའི་གོང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་》མཚམས་འཇོག་བྱས་པ་དེས་རྒྱལ་ཁབ་དེ་ཆིངས་ཡིག་དེ་ནས་ཕྱིར་འཐེན་བྱས་པ་མཚོན་གྱི་མེད་ཅེས་བཤད་པ་རེད། 
    《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་》དེ་1990ལོར་བྱང་ཆིངས་དང་ཝར་སོ་ཆིངས་ཡིག་རྩ་འཛུགས་ཀྱིས་བཞག་པ་དང་། དམག་དོན་ཚོགས་པ་ཆེན་པོ་གཉིས་ཀྱི་རྒྱུན་གཏན་མཚོན་ཆའི་བསྡོམས་འབོར་དང་། ས་ཁུལ་གྱི་བཅད་གྲངས། རྒྱལ་ཁབ་ཀྱི་བཅད་གྲངས། ཞིབ་བཤེར་བྱེད་སྟངས་བཅས་གཏན་འབེབས་བྱས་ཡོད་པས་ནུབ་ཕྱོགས་ཀྱིས་“ཡོ་རོབ་ཀྱི་བདེ་འཇགས་ཀྱི་རྨང་རྡོ་”ལ་བརྩི་བཞིན་ཡོད། བྷེ་ཨུ་རུ་སུས་1992ལོར་《ཡོ་རོབ་ཀྱི་རྒྱུན་གཏན་དྲག་ཆས་སྟོབས་ཤུགས་ཀྱི་ཆིངས་ཡིག་》ལ་ཆོག་མཆན་སྤྲད་ནས་གོ་ཆོད་འགོ་ཚུགས་ཡོད།