འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་ཛ་དྲག་གི་ཚོཊ་འདུ་འཚོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་28ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་སི་རལ་གྱིས་ལཱ་ཧྥ་ཡི་ཡུལ་གྱར་བའི་སྒར་སར་འཇབ་རྒོལ་བྱས་རྗེས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་ཛ་དྲག་གི་ཚོགས་འདུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།  
     གནས་འཕྲིན་ནང་འཁོད་དོན། ད་ཐེངས་ཀྱི་ཚོགས་འདུ་འདི་ཨར་ཅི་རི་ཡའི་བླང་བྱ་ལྟར་འཚོགས་པ་དང་། ཨར་ཅི་རི་ཡ་ནི་མིག་སྔར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་མིན་པའི་རྒྱལ་ཁབ་རེད། 
     ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་26ཉིན་གྱི་དགོང་མོར་དབྱི་སི་རལ་དམག་དཔུང་གིས་ཀཱ་ཟ་ས་ཁུལ་གྱི་ལྷོ་རྒྱུད་གྲོང་ཁྱེར་ལཱ་ཧྥ་ཡི་ཡུལ་གྱར་བའི་སྒར་སར་འབར་མདེལ་དབྱུགས་ནས། ཉུང་མཐར་ཡང་མི་40རྐྱེན་ལམ་དུ་ཤོར་བ་རེད།