༄༅།།མི་2000ལས་བརྒལ་བ་ས་འོག་ཏུ་སྦས་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་28ཉིན། 13:59】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པས་ཟླ་5ཚེས་27ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་གི་ནང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཕྱོགས་ཀྱིས་མི་2000ལྷག་ཙམ་དེའི་གོང་གི་རི་ཉིལ་འོག་ཚུད་སོང་ཞེས་བཤད།
ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་24ཉིན། ཕ་ཞིན་ཨེན་ཅ་ཞིང་ཆེན་མུའུ་ལི་ཐ་ཁ་ས་ཁུལ་དུ་རི་ཉིལ་བ་རེད། ས་གནས་དེ་གར་ཉེ་བའི་གཟའ་འཁོར་ཁ་ཤས་ནང་ཆར་པ་དྲག་པོ་བབས་པ་རེད།
ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་46ལྷག་ཙམ་ཡོད་པ་དང་། ནུབ་ཏུ་ཧིན་རྡུ་ཉི་ཞི་ཡ་དང་ས་མཚམས་འབྲེལ་ཞིང་། ལྷོ་རུ་ཐོ་ལེ་སི་མཚོ་འགག་དང་ཨོ་སི་ཁྲུ་ལི་ཡའི་མངའ་ཁོངས་དང་ཁ་གཏད་དུ་ཡོད། མངའ་ཁོངས་ཡོངས་ལ་གླིང་ཕྲན་600ལྷག་ཙམ་ཡོད་པ་དང་མི་འབོར་ཁྲི་1000ཙམ་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ས་ཁུལ་མང་ཆེ་བ་བརླན་བཤེར་ཆེ་ཁུལ་ཡིན་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཆ་སྙོམས་ཧའོ་སྨི་2500ཟིན་གྱི་ཡོད།