འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་29ཉིན།

༄༅།།ཁ་གསབ་འདི་རེ་ཞུ་བྱེད་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་28ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་བྱ་གཞག་ལྟེ་གནས་ཀྱིས་སྤྱི་བསྒྲགས་བྱས་ནས། རང་ཞིང་ཆེན་གྱི་2024ལོའི་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་རེ་ཞུ་བྱེད་འགོ་ཚུགས་པ་རེད། འགན་བཅོལ་ནང་ཞུགས་མཁན་གྱིས་ཀན་སུའུ་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་དྲ་བ་དང་། ཀན་སུའུ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བརྒྱུད་དྲ་ཐོག་ནས་རེ་ཞུ་བྱེད་ཆོག 
     ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་རྩལ་ནུས་མཐོར་འདེགས་ཁ་གསབ་རེ་ཞུ་བྱེད་པའི་ཆ་རྐྱེན་ནི་ལས་ཤོར་འགན་བཅོལ་ནང་ཞུགས་ནས་ལོ་གཅིག་ཡན་ཟིན་པའི་ཁེ་ལས་ཀྱི་ལས་ཐོག་ལས་བཟོ་པའམ་ཡང་ན། ལས་ཤོར་འགན་བཅོལ་དངུལ་ལེན་མཁན་ལ་རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་བླངས་པའམ་ཡང་ན། ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་ཚེ། དམའ་རིམ(རིམ་པ་ལྔ་པ)སྒོར་1000དང་། འབྲིང་རིམ(རིམ་པ་བཞི་པ)སྒོར་1500 མཐོ་རིམ(རིམ་པ་གསུམ་པ)སྒོར་2000བཅས་ཀྱི་ཚད་གཞི་ལྟར་རྩལ་ནུས་མཐོར་འདེགས་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། སྲིད་ཇུས་ལག་བསྟར་བྱེད་པའི་དུས་བཀག་ནི་2024ལོའི་ཟླ་12ཚེས་31ཉིན་བར་རེད། རེ་འདུན་ཞུ་མཁན་གྱིས་ལག་ཁྱེར་ཞིབ་དཔྱད་སྤྲད་ཉིན་ནས་བཟུང་ཟླ་བ་12ནང་ཁ་གསབ་རེ་ཞུ་བྱེད་དགོས་པ་དང་། རྩལ་ནུས་མཐོར་འདེགས་ཀྱི་ཁ་གསབ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁ་གསབ་གཉིས་ཀ་མཉམ་དུ་ལོངས་སུ་སྤྱོད་མི་ཆོག 
     2024ལོའི་ཟླ་12ཚེས་31ཉིན་དུས་མཚམས་རང་བཞིན་གྱི་སྲིད་ཇུས་དུས་བཀག་ཐིམས་རྗེས། རྩལ་ནུས་མཐོར་འདེགས་ཁ་གསབ་སྲིད་ཇུས་དེ་མུ་མཐུད་དུ《ལས་ཤོར་འགན་བཅོལ་གྱིས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་པའི་ལས་རིགས་རྩལ་ནུས་མཐོར་འདེགས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའི་བརྡ་ཐོ》(མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བཏང་བའི་ཡིག་ཨང་40པ།)གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཏེ། རྩལ་ནུས་མཐོར་འདེགས་ཁ་གསབ་རེ་ཞུ་བྱེད་མཁན་ནི་ཁྲིམས་ལྟར་ལས་ཤོར་འགན་བཅོལ་ནང་ཞུགས་པ་དང་། རིམ་རྩིས་བྱས་ན་ཟླ་བ་36(ཟླ་བ་36ཚུད་ཡོད།)ཡན་གྱི་ཁེ་ལས་ཀྱི་ལས་ཐོག་ལས་བཟོ་པ་ཡིན་དགོས། 
     འདྲི་རྟོག་ཁ་པར་ནི། 0931-7873831དང་7873886ཡིན།