འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་27ཉིན།

༄༅།།ཁོ་པས་དམག་འཁྲུག་མཚམས་འཇོག་རྒྱུར་ངོ་རྒོལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་27ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། གསར་འགོད་པར་ཤེས་རྟོགས་བྱུང་པར་གཞིགས་ན། དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་ནང་ཞུགས་མཁན་དབྱི་སི་རལ་གྱི་འཐུས་མི་ཚོགས་པའི་ཁོངས་མི་ལྟེ་བ་ཉི་ཙན་·ཨ་ལུང་གིས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་འབྲེལ་ཡོད་དཔོན་རིགས་ལ། ད་ལྟའི་དབྱི་སི་རལ་སྲིད་གཞུང་གིས་གྲོས་མཐུན་གང་ཡང་འཇོག་ཏུ་འཇུག་མི་སྲིད་ཅེས་བཤད་པ་རེད། 
     ཨ་ལུང་གིས། ཧ་མ་སིས་དམག་འཁྲུག་མཚམས་འཇོག་རྒྱུ་དང་དམག་འཁྲུག་མཇུག་འགྲིལ་རྒྱུའི་རེ་བ་མཐའ་འཁྱོངས་བྱེད་ཀྱི་ཡོད། གྲོས་མོལ་འཐུས་མི་ཚོགས་པ་ཡིན་པའི་ཆ་ནས་ཨ་ལུང་སོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དབྱི་སི་རལ་གྱི་བཀག་ཉར་བྱས་པའི་མི་སྣ་གློད་བཀྲོལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་མོད། འོན་ཀྱང་ད་ལྟའི་དབྱི་སི་རལ་སྲིད་འཛིན་མནའ་འབྲེལ་གྱི་ལངས་ཕྱོགས་ལ་མཚོན་ན། ཧ་མ་སིའི་རེ་བ་བཏོན་པའི་རྨང་གཞིའི་ཐོག་གྲོས་མཐུན་འཇོག་རྒྱུར་མོས་མཐུན་བྱེད་མི་སྲིད་པས་གྲོས་མོལ་འཐུས་མི་ཚོགས་པའི་མི་སྣ་རྣམས་“རེ་ཐག་ཆད་པའི་”ཚོར་སྣང་ཡོང་གི་ཡོད་ཅེས་བཤད། 
     དབྱི་སི་རལ་གྱི་ཙུང་ལི་གཞུང་དོན་ཁང་གིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས། “ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གྲོས་མོལ་ཚོ་ཆུང་ལ་དེ་བས་རྒྱ་ཁྱབ་ཀྱི་དབང་ཆ་ཡང་ཡང་སྤྲད་ནས་དབྱི་སི་རལ་གྱི་མི་སྣ་གློད་བཀྲོལ་གཏོང་རྒྱུར་སྐུལ་འདེད་གཏོང་གི་ཡོད་མོད། འོན་ཀྱང་ཧ་མ་སིའི་འགོ་ཁྲིད་པ་ཞིན་ཝར་གྱིས་སྔར་བཞིན་དམག་འཁྲུག་ཕྱོགས་ཡོངས་ནས་མཇུག་བསྒྲིལ་ཏེ་དབྱི་སི་རལ་གྱི་དམག་དཔུང་ཀཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་མ་ཟད། ཧ་མ་སིས་ཀཱ་ཧྲ་རུ་སྡོད་རྒྱུའི་རེ་བ་བཏོན་ཡོད། རེ་བ་འདི་འདྲ་ཞིག་བཏོན་ན། ན་ནིང་ཟླ་10ཚེས་7ཉིན་གྱི་འཇབ་རྒོལ་ཡང་བསྐྱར་ལག་བསྟར་བྱེད་ཐུབ། ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དེར་ངོ་རྒོལ་མཐའ་གཅིག་ཏུ་གནང་བ་རེད་”ཅེས་བཤད།