༄༅།།མི་670ལྷག་ཙམ་རྐྱེན་ལམ་དུ་ཤོར་འདུག
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 05ཚེས་27ཉིན། 14:12】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་26ཉིན་ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སིས་གནས་འཕྲིན་སྤེལ་བར་གཞིགས་ན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་གནས་སྤོས་ཡུལ་མི་རྩ་འཛུགས་ཀྱི་འགན་འཁུར་བ་སེའར་ཧན·ཨ་ཁེ་ཐུའོ་ཕུའུ་ལ་ཁེ་ཡིས་ཚེས་24ཉིན་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཐོན་པའི་རི་ཉིལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་670ལས་བརྒལ་སྲིད་ཅེས་བཤད་པ་རེད།